རྒུད། ཚེ་བརྟན་རྒྱལ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2013-10-13
ཀློག་གྲངས།:
རུས་མིང་། ཚེ་བརྟན་རྒྱལ།
འཛིན་གྲྭ མཐོ་གཉིས་འཛིན་གཅིག
ང་རང་ཆུང་ངུའི་དུས་སུ། རྒྱུན་དུ་རང་ཁྱིམ་གྱི་ཤར་ཕྱོགས་སུ་གོམ་པ་ཉི་ཤུ་ཙམ་གྱི་མཚམས་ན་ཀྲོང་ངེར་འགྲེང་ཡོད་པའི་བྲག་རི་ཞིག་ཡོད་པ་དེའི་སྟེང་དུ་འགོས་ཏེ་བརྩེ་རྒྱུར་ཧ་ཅང་དགའ། བྲག་རི་དེ་མཐོ་རྒྱུ་མེད་ལ་དམའ་རྒྱུའང་མེད་མོད། འོན་ཀྱང་བྲག་ངོས་ཧ་ཅང་གཟར་བས་ན་བྲག་དེའི་རྩེ་མོར་འགོ་ཐུབ་མཁན་གཅིག་ཀྱང་མེད། ཆུང་དུས་ང་དང་གྲོགས་པོ་ཚོས་རང་གི་ཁྱིམ་མིར་ཤེས་སུ་མ་བཅུག་པར་རྒྱུན་དུ་བྲག་རྩ་དེར་འཛོམས་ནས་སུ་སྔོན་ལ་འགོས་ཏེ་བྲག་རི་འདིའི་མཐོ་སར་སླེབས་ཐུབ་པར་འགྲན་བསྡུར་བྱས་པ་ཡིན། བྲག་རི་དེའི་མདུན་དུ་ཆུང་རྒྱུ་མེད་ལ་ཆེ་རྒྱུའང་མེད་པའི་གཞུང་ཆུ་ཞིག་བཞུར་བཞིན་ཡོད་ལ། དབྱར་ཀར་སླེབས་ཚེ་ཆུ་འགྲམ་དུ་སྦལ་བ་ཆེ་ཆུང་མང་པོ་ཕར་ལྡིང་ཚུར་ལྡིང་བྱེད་བཞིན་པ་མཐོང་ཐུབ། བྲག་དེའི་དཀྱིལ་ནས་ཐུར་དུ་རྡེའུ་ཟེགས་ཀྱིས་ཁེངས་བའི་གྲོག་ཤུར་ཆུང་ཆུང་ཞིག་ཡོད་པས། ང་ཚོ་ཡར་བྲག་ངོས་སུ་འགོས་ཤིང་ཕྱིར་གྲོག་ཤུར་ཆུང་ཆུང་དེའི་ནང་ཤུད་འོང་པ་ཡིན།
དེ་བས་གྲོག་ཤུར་དེ་ནི་ཆེད་དུ་ང་ཚོ་བདེ་འཇགས་ངང་བྲག་རྩར་འབྱོར་བྱེད་ཀྱི་གློག་སྐས་ལྟ་བུ་ཞིག་ཏུ་གྱུར་ཡོད། བྲག་དེའི་གཡས་གཡོན་དང་རྒྱབ་ཕྱོགས་ཡོད་ཚད་དུ་རྩྭ་སྐྱེས་ཡོད་ལ། རྩྭ་གསེབ་དེ་ནས་རྒྱུན་དུ་སྦྲུལ་ཕྲུག་དང་སྦལ་བ་སོགས་མང་པོ་མཐོང་ཐུབ། བྲག་དེའི་རྩེ་མོ་ནས་མར་སྨི་ལྔ་དྲུག་ཙམ་གྱི་ས་ན་བྲག་ཁུང་ཆུང་ཆུང་ཞིག་འདུག་མོད། འོན་ཀྱང་དེའི་ནང་དུ་ང་ཚོ་སུ་ཡང་སོང་མྱོང་མེད་ལ་ཁྱིམ་མི་ཚོར་དྲིས་ཀྱང་མ་མྱོང་། རྒྱུ་མཚན་རང་ལ་གཤེ་གཤེ་མི་གཏོང་ཆེད་ཡིན།
ང་རང་རིམ་གྱིས་ནར་སོན་པ་དང་བསྟུན་ནས་ཁྱིམ་མི་དང་ཁྱིམ་མཚེས་ཀྱི་ལོ་ལོན་རྣམས་ཀྱི་ཁ་ནས་གོ་བ་ལྟར་ན། ལ་ལས་བྲག་ཁུང་ཆུང་ཆུང་དེ་བླ་མ་ཆེ་གེ་མོའི་སྒྲུབ་སྦྱང་བྱེད་སའི་གནས་ཡིན་ཚུལ་ལབ་པ་དང་། ཡང་ལ་ལས་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་དུས་གྲྭ་བ་ཞིག་གིས་སྲོག་ཉེན་མ་འཛེམ་པར་ཆོས་དཔེ་མང་པོ་ཁྱེར་འོངས་ནས་བྲག་ཁུང་དེར་སྦས་ཡོད་ཟེར། གང་ལྟར་ངས་ཤེས་དུས་དེ་ནི་ཡུལ་མི་ཚོའི་གཏམ་རྒྱུད་ཅིག་གི་ཁྲོད་ཀྱི་ཐོད་པ་གཏུག་ཡུལ་དུ་གྱུར་འདུག དྲང་མོར་བཤད་ན་དེའི་ནང་དུ་ཅི་ཞིག་ཡོད་པར་སུས་ཀྱང་བལྟས་མྱོང་མེད་ལ་ལྟ་བར་འགྲོ་ཕོད་མཁན་ཡང་མེད་པ་འདྲ་མོད། ཡིན་ཡང་དེར་བལྟ་འདོད་མཁན་ནི་ཏག་ཏག་དྭངས་གཙང་གི་བྱིས་བློར་ཕྱི་རོལ་གྱི་བསླད་མ་གོས་པའི་ང་ཚོ་ཡིན། འོན་ཀྱང་རྒྱུན་དུ་ལྷ་འདྲེ་གདོན་བགེག་ཅེས་པ་དེ་ཁ་ནས་བཏང་མ་མྱོང་བའི་ཁྱིམ་མི་ཚོས་དེའི་སྟེང་དུ་འགོས་ཚེ་བྲག་མནོལ་ནས་ལྷ་དང་གཞི་བདག་ཐུགས་ཁྲོས་ཏེ་ཁྱིམ་མི་གང་བོ་འཇིགས་ཡེར་བའི་ངང་ཤི་འགྲོ་ཚུལ་ལབ་ཏེ་ཅི་ཐབས་ཀྱིས་བཀག་པས། རིམ་གྱིས་ང་ཚོ་ཡང་ཁོ་ཚོ་ལྟར་གཏམ་རྒྱུད་དེའི་ཁྲོད་དུ་རིམ་གྱིས་འཐིམ་པར་བརྩམས།
ཉེ་བའི་ལོ་འགའི་སྔོན་དུ་བྲག་ཁུང་དེའི་ནང་དུ་རྒྱུན་དུ་བྱ་ཆེན་རེ་གཉིས་འཕུར་བ་མཐོང་བྱུང་། དུས་འདིར་ཡུལ་མི་ཚོས་ཡང་བསྐྱར་གཏམ་རྒྱུད་གསར་བ་ཞིག་བརྩམས་ཏེ་གཏམ་རྒྱུད་དེ་གཉིས་ཀྱི་མཇུག་མཐུད་ཅི་ཐུབ་བྱས། བྱ་ཆེན་དེ་གྲྭ་བ་དེའི་སྤྲུལ་བ་ཡིན་ཚུལ་ལབ་ཏེ་སྡེ་མི་ཚོས་བྲག་དེའི་སྟེང་ལབ་ཙེ་བཙུགས་ཤིང་ཉིན་རྒྱུན་དེའི་ཕྱོགས་སུ་མཆོད་ཁ་འཕེན་པ་རེད།
ད་ལོ་ང་རང་ཕྱིར་ཕ་ཡུལ་ལ་སླེབས་དུས་གཏམ་རྒྱུད་དེའི་རྒྱུན་ཡང་བསྐྱར་མཐུད་ཀྱིན་འདུག རྒྱུ་མཚན་ནི་ན་ནིང་ནས་བཟུང་དེའི་ནང་དུ་འཕུར་བཞིན་པའི་བྱ་ཆེན་དེ་མཐོང་རྒྱུ་མི་འདུག་པས་རེད། ལ་ལས་བྲག་མནོལ་ནས་གཞི་བདག་ལ་ཕོག་ཐུག་བཟོས་པས་ང་ཚོའི་སྡེ་བར་ལྟས་ངན་ཞིག་འབྱུང་ཁོ་ཐག་ཡིན་སོགས་བཤད་ཚུལ་མང་པོ་བྱུང་སྟེ། སྡེ་མི་ཚོ་རང་དགར་འཚབ་འཚུབ་ཀྱིས་ཅི་བྱེད་འདི་བྱེད་མེད་པར་གྱུར་ལ། ལྷག་པར་ཏུ་སྡེ་བའི་རྒན་རྒོན་ཚོ་སེམས་ཚེགས་ཀྱིས་ཁེངས་ཏེ་ཉིན་མོའི་ཟས་དང་དགོང་མོའི་ཟས་ཀྱང་བསྟེན་འདོད་མེད་པར་གྱུར་ཡོད། དུས་དེར་ངས་ཉིན་ནས་ཉིན་ལྟར་རྒུད་ཅིང་ཁེར་རྐྱང་གི་ལམ་ལ་ཞུགས་པའི་བྲག་ཁུང་དེར་ལྟ་དུས། རླུང་བུའི་དངན་པ་རིང་མོ་ཞིག་གི་ཁྲོད་བྲག་ཁུང་ཁ་ནས་བྱ་ཆེན་དེའི་གཤོག་སྒྲོ་ལེབ་མོ་ཞིག་དལ་མོར་མར་འབབ་ཀྱིན་པ་མཐོང་བྱུང་ལ། དེ་དང་ལྷན་དུ་ཚང་རྩྭ་དང་སྒྲོ་སྤུ་གཉིས་དལ་གྱིས་ཐང་ལ་ལྷུང་ཚུལ་ཡང་མཐོང་བྱུང་།

མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།
འབྲེལ་ཡོད་འོས་སྦྱོར།