ཀུན་སྤྱོད་ཀྱི་ཚད་གཞི། རིག་བྱེད་འཚོ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2013-10-13
ཀློག་གྲངས།:
རུས་མིང་། རིག་བྱེད་འཚོ།
འཛིན་གྲྭ མཐོ་གཉིས་འཛིན་གཅིག
ཀུན་སྤྱོད་མི་ཡི་གཞི་མ་ཡིན།། ཡོན་ཏན་འཚོ་སྡོད་ནུས་པ།།ཞེས་གསུངས་པ་ལྟར་ཀུན་སྤྱོད་ལེགས་པོ་ཞིག་ཡོད་པ་ནི་མི་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན། འོན་ཀྱང་ད་སྐབས་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་མི་ཚང་མའི་ཀུན་སྤྱོད་ཀྱི་ཚད་གཞི་ནི་དེ་ལས་ལྡོག་སྟེ་ཇེ་དམའ་རུ་འགྲོ་བཞིན་ཡོད། མི་རྣམས་ཀྱི་འཚོ་བའི་དཔལ་ཡོན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་དངོས་བོའི་ལོངས་སྤྱོད་ལ་ཞེན་ཆགས་པ་དང་རྒྱུ་ལ་ཧམ་སེམས་ཇེ་ཆེར་སོང་བ་རེད། རྒྱུ་ནོར་ལོངས་སྤྱོད་ཀྱི་ཆེད་དུ་རང་གི་གཉེན་ཉེ་དང་སྤུན་ཟླ། གྲོགས་པོ་སོགས་གཡོ་འཚོང་བྱེད། རང་གི་རྩ་ཆེ་བའི་ལས་རྒྱུ་འབྲས་དེ་ཤོག་སྒོར་ཙམ་ལ་བརྗེ་བཞིན་འདུག ཁོ་ཚོས་ཀུན་སྤྱོད་ཞེས་པའི་ཐ་སྙད་འདི་གཉིས་ཀ་སྣང་མེད་དུ་བཏང་བ་དང་། ཐ་ན་རྩ་བ་ནས་བརྗེད་འདུག མིའི་རིགས་ཀྱི་སྔ་མོའི་མཛེས་སྡུག་གི་མི་གཤིས་དེ་རྒྱུ་ནོར་ལོངས་སྤྱོད་ཀྱི་བསླུ་བྲིད་ཀྱིས་རློག་བཞིན་འདུག
ད་སྐབས་བརྙན་འཕྲིན་དང་ཚགས་པར་སོགས་ཀྱི་སྟེང་ཉིན་རྒྱུན་བཤད་པའི་གསར་འགྱུར་དེ་ལས་ཀྱང་དེང་རབས་མི་ཡི་ཀུན་སྤྱོད་ཀྱི་ཚད་གཞི་ནི་ཅི་ལྟ་བུ་ཞིག་ཡིན་པ་ཝ་ལེར་ཤེས་ཐུབ། ལས་རྒྱུ་འབྲས་མེད་པའི་ཇ་མ་ལ་ལས་ཟ་མའི་ནང་དུ་ཁ་དོག་ཇེ་ཡག་གམ་བྲོ་བ་ཇེ་ཞིམ་དུ་གཏོང་བྱེད་ཀྱི་རྫས་འགྱུར་གྱི་སྨན་བཏབ་ནས། མཛད་སྤྱོད་པའི་ཚེ་སྲོག་གི་བདེ་ཐང་ལ་ཡང་དོ་སྣང་སྤུ་ཙམ་ཡང་མི་བྱེད་པར་སྒོར་མོ་གཅིག་པུས་རང་གི་ཡོད་ཚད་དུ་བཟུང་། ལས་རྒྱུ་འབྲས་མེད་པའི་སྨན་པ་ལ་ལས་ལྐོག་ནས་ཁེ་ཕན་འགའ་ལེན་ཆེད་ནད་པ་རྣམས་ཀྱི་བདེ་སྡུག་བརྒྱབ་ཏུ་བསྐྱུར་ནས་ནད་ལ་ཕན་ཅི་ཡང་མི་ཐོགས་པའི་སྨན་རྫུན་མ་བཟོས། ལས་རྒྱུ་འབྲས་མེད་པའི་ཞིང་བ་ལ་ལས་རང་གི་ ཡོང་སྒོ་ཇེ་བཟང་དུ་གཏོང་ཆེད་སྔོ་ཚོད་དང་སིལ་ཏོག་ལ་འགྱུར་སྐུལ་རྫས་འདུས་པའི་རྫས་འགྱུར་ གྱི་ཁབ་བརྒྱབ་ནས་སྐྱེ་ཚད་ཇེ་མགྱོགས་སུ་གཏོང་། གལ་ཏེ་མི་རྣམས་ཀྱིས་དེ་ལྟ་བུའི་སྔོ་ཚོད་ཟོས་ན་ནད་སྣ་ཚོགས་ཕོག་སྲིད། གོང་གི་དངོས་དཔེ་འདི་དག་གིས་མི་རྣམས་ཀྱི་སྐྱུག་བྲོ་བའི་ཀུན་སྤྱོད་དམར་རྗེན་དུ་ཕུད་ཡོད། ཨ་ཙི། ཕྱེ་རྫུན་མ། ཤ་རྫུན་མ། དངོས་པོ་རྫུན་མ། ཐ་ན་ནད་པ་རྣམས་ན་ཚའི་སྡུག་བསྔལ་ལས་ཐར་བྱེད་ཀྱི་སྨན་ཡང་རྫུན་མ་ཡོད། ད་ཅི་བྱེད། འདི་ལྟར་སོང་ན་ནམ་ཞིག་ལ་མི་ཚང་མ་ཡང་གཡོ་སྒྱུ་ཡིས་བཟོས་པའི་སྐྱུག་བྲོ་བའི་གདོང་འབག་གི་འོག་ན་འཚོ་བཞིན་པའི་མི་རྫུན་མ་རུ་འགྱུར་ཉེན་ཆེ།
བླུན་རྨོངས་ཀྱི་ཀླུང་ན་འཁྱམས་པའི་མི་རྣམས། སྒོར་མོ་ཡིས་སྟེར་ཐུབ་པ་ནི་དངོས་བོའི་ལོངས་སྤྱོད་ཁོ་ན་ཡིན། འོན་ཀྱང་ཀུན་སྤྱོད་ཡག་པོ་ཞིག་ཡོད་ན་ད་གཟོད་ཁྱོད་ལ་ལུས་སེམས་གཉིས་ཀྱི་ཆེས་མཐར་ཐུག་གི་བདེ་སྐྱིད་སྟེར་ཐུབ།

མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།
འབྲེལ་ཡོད་འོས་སྦྱོར།