ཞོར་ཟས་རིང་དུ་སྤངས་ཏེ་བདེ་ཐང་སྲུང་འཛིན་བྱ་དགོས། མཁའ་མོ་ཡག
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2013-10-13
ཀློག་གྲངས།:
རུས་མིང་། མཁའ་མོ་ཡག
འཛིན་གྲྭ དམའ་གཉིས་འཛིན་བཞི།
དེང་སྐབས་བྱིས་པ་རྣམས་གཙོ་བྱས་ཏེ་མི་ཚང་མས་རང་གི་ཕ་མེས་ནས་བརྒྱུད་ཡོང་བའི་ཟས་མཆོག་སྦྲང་དཀར་རྩམ་པ་དང་ཤ་མར་ཐུད་གསུམ་སོགས་རྩྭ་བཞིན་དོར་ནས་ཞོར་ཟས་ཟ་རྒྱུ་ནི་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ཤིག་ཏུ་འགྱུར་བཞིན་ཡོད།
འོན་ཀྱང་། ཞོར་ཟས་ནི་ཚད་ལྡན་གྱི་ཟས་རིགས་ཤིག་གཏན་ནས་མ་ཡིན་པར་དེས་མིའི་ལུས་ཕུང་བདེ་ཐང་ལ་གནོད་པ་ཚབས་ཆེན་བྱེད་པ་རེད། ཞོར་ཟས་ནི་བལྟས་ན་མིག་ལ་མཛེས་པ་དང་ཟོས་ན་ཁ་ལ་ཞིམ་པ་ཞིག་ཡིན་མོད། འོན་ཀྱང་། དེའི་ཕུགས་ན་མིའི་ལུས་ཕུང་ལ་བཟང་བའི་འཚོ་བཅུད་ཅུང་ཙམ་ཡང་མེད་དོ།།
དེང་གི་དུས་འདིར་མི་མང་པོ་ཞིག་ལ་སྔོན་ཆད་སུ་ལའང་བྱུང་མ་མྱོང་བའི་ནད་རིགས་སྣ་མ་སྣ་ཚོགས་འབྱུང་བཞིན་པ་དེ་ནི་ང་ཚོས་ལུས་ཕུང་ལ་འཕྲོད་པའི་ཟ་མ་མ་ཟོས་པར། ཞོར་ཟས་མང་དུ་ཟོས་པའི་རྐྱེན་མ་རེད་དམ། ཞོར་ཟས་ཀྱི་ཉེས་དམིགས་མི་ཤེས་པའི་མི་གཅིག་ཀྱང་མེད་མོད། དེ་གཏན་དུ་མི་ཟ་ཟེར་བའི་མི་ཡང་གཅིག་ཀྱང་མེད། དེ་ནི་ང་ཚོས་དལ་བ་བརྒྱད་དང་འབྱོར་བ་བཅུ་ཡིས་གྲུབ་པའི་མི་ལུས་རིན་པོ་ཆེ་འདི་ལ་གཅེས་སྤྲས་བྱེད་མ་ཤེས་པས་རེད་ལ། དེ་ནི་ང་ཚོའི་བསམ་བློའི་སྟེང་བྱུང་བའི་ཆེས་ཚབས་ཆེ་བའི་ནོར་འཁྲུལ་ཞིག་རེད།
མི་ཞིག་ཡིན་ན་ལུས་ཕུང་བདེ་ཐང་དེ་གཙོ་གནད་དུ་འཛིན་དགོས་ཤིང་། བླང་དོར་གྱི་དབྱེ་བ་འབྱེད་ཤེས་དགོས་པ་ནི་དེ་བས་ཀྱང་གཙོ་གནད་དུ་འཛིན་དགོས། བླང་དོར་གྱི་དབྱེ་བ་འབྱེད་མི་ཤེས་པའི་མི་ནི་བླུན་པོ་ཤ་སྟག་ཡིན་པ་སྨོས་མ་དགོས་པ་ཞིག་རེད། མི་རྣམས་ཀྱིས་དུག་ཟས་དྲུང་དུ་བླངས་ནས་ཟས་མཆོག་ཟུར་དུ་འཕུད་པའི་སྣང་ཚུལ་དེར་བལྟས་ན། བླང་དོར་གྱི་དབྱེ་བ་འབྱེད་ཤེས་པའི་མཁས་པ་གཅིག་ཀྱང་མེད་པར་བླུན་པོ་ཧ་ཅང་མང་བར་སྣང་། དེ་ན་མི་རྣམས་ཀྱིས་བླང་དོར་འཛོལ་མེད་ཀྱི་མིག་ཟུང་ཆེ་ཆེར་བགྲད་ནས་དུག་ཟས་རིང་དུ་སྤངས་ཏེ་ལུས་ཕུང་བདེ་ཐང་སྲུང་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་ལ། དེ་ནི་ང་ཚོ་སློབ་གཉེར་བ་རྣམས་ཀྱི་མ་འོངས་མདུན་ལམ་རིང་མོའི་གོམ་པ་དང་པོ་སྤོ་ས་ཡིན་ནོ།།

མཛུབ་སྟོན་དགེ་རྒན། ཨོ་རྒྱན་ཚེ་རིང་།
འབྲེལ་ཡོད་འོས་སྦྱོར།