སློབ་སྦྱོང་། བན་དེ་རྒྱ་མཚོ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2013-10-13
ཀློག་གྲངས།:
རུས་མིང་། བན་དེ་རྒྱ་མཚོ།
འཛིན་གྲྭ མཐོ་གཉིས་འཛིན་གསུམ།
“འི་ཤུ། ཁྱོད་ཀྱིས་ལྟོས་དང་། མ་གཞི་ནས་རིག་རྡིབ་ཀྱི་མི་ང་ལྟ་བུས་འདི་འདྲའི་ཤོག་ངོས་མང་པོ་ཞིག་བློར་བཟུང་ཟེར་ན་སུ་ཞིག་གིས་ཡིད་ཆེས།”
“ཁྱོད་རང་ཉིད་སུ་ཞིག་ཡིན་པ་བརྗེད་སོང་ངམ། མང་པོ་ཞིག་ཕྱིར་བསྟན་ནས་མང་པོ་ཞིག་ལྡོག་ཟླར་སྒྲུབ་ན་རྗེས་ཕྱོགས་ཁྱོད་ལ་རློམ་ཐུབ་མཁན་སུ་ཡོད།”
“གཞན་གྱིས་ཅི་ཟེར་ནའང་ཆོག སྐད་ཆ་དེ་ཚོ་ནི་ངའི་སེམས་ཀྱི་ངོས་སུ་བཀོད་པའི་ན་ཟུག་ཡིན། སྨྲེ་ངག་ཡིན། རེ་བ་ཡིན། འོན་ཀྱང་ངས་གནས་འདིར་བློར་འཛིན་མི་ཐུབ་ཁོ་ཐག་རེད།”(ཁོའི་སེམས་སུ་ཙག་རླུང་རྩུབ་མོ་འདི་ལས་མྱུར་དུ་ཐར་འདོད་པ་ལས་སློབ་སྦྱོང་དང་གཞན་ཅི་ཡང་བསམ་གྱིན་མེད)
“མགོ་ཡོད་ན་སྐྲ་སྐྱེས་ངེས། ཚིག་གཅིག་བློར་ཟིན་ནའང་ཟིན་ནི་རེད། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་། ཁབ་རྩེ་གཉིས་ཀྱིས་ཚེམ་མི་འགྲུབ། གོ་སྐབས་དམ་འཛིན་བྱས་ནས་སློབ་སྦྱོང་བྱོས།”
“ད་ལོར་རང་སློབ་གྲྭའི་རྩིས་ཚན་ཁག་ལས་མི་བདུན་གྱིས་སློབ་ཆེན་ལ་རྒྱུགས་འཕྲོད་སོང་ཟེར། ལོ་རེ་ནས་ལོ་རེར་རྒྱུགས་འཕྲོད་ཚད་ཇེ་དཀའ་རེད། ང་ལྟ་བུ་ཞིག་གིས་རྒྱུགས་འཕྲོད་མི་སྲིད་ལ་འཕྲོད་པར་ཡང་བསམ་གྱིན་མེད། དེང་སྐབས་རྒྱུགས་འཕྲོད་ནའང་ཅི་རེད། མཐར་ཕྱིན་རྗེས་གླས་དམག་བྱེད་དགོས་པ་རེད།”
“སྤྱི་ཚོགས་སྟེང་གི་བྱ་བ་དེ་ཚོ་རྗེས་ཕྱོགས་རིམ་གྱིས་ཤེས་སྲིད། སློབ་ཆེན་ལ་རྒྱུགས་འཕྲོད་འདུག་ཀྱང་མི་བཤད། ད་ལྟ་ཁྱོད་སློབ་གྲྭ་ན་ཡོད་པས། སློབ་གྲྭ་ནས་སློབ་སྦྱོང་མི་བྱེད་པར་ཅི་བྱེད། ང་ཚོ་རྒས་ཀྱིན་འདུག་ལ་། དུས་ཚོད་གསེར་ཡིན་པའང་ཁྱེད་ཀྱིས་བཤད་པ་རེད། རང་ཉིད་ཀྱིས་རྒྱུ་འབྲས་དང་མི་འགལ་བར་བྱོས་ཡ”
“ཡ-ཡ། ངས་ཁྱོད་བཤད་ནས་མི་ཐུབ། འོན་ཀྱང་ང་ལ་ད་དུང་ཚིག་གཅིག་བཤད་རྒྱུ་ཡོད།”
“ཤོད་དང།”
“ནང་སེམས་ཀྱི་འདོད་དོན་དག་སྒྲུབ་པར་ཕྱི་དངོས་ཀྱི་མཐུན་རྐྱེན་ཆད་མི་རུང་བ་བཞིན་། གནམ་གཤིས་ཐབས་རྡུགས་འདིའི་ཁྲོད་གྲང་ནས་ཕྱིད་འགྲོ། སུས་བློ་རིག་སྒྲིམ་ནས་སློབ་སྦྱོང་བྱེད་འདོད་ཨང་།”
དགུན་གྱི་ཙག་རླུང་རྩུབ་མོ་རྣོ་ངར་གྱི་མཚོན་ཆ་མང་པོ་བསམ་གཟས་ནས་ཁོའི་ཕྱོགས་སུ་གཡུག་པ་ལྟར། སོམ་ཉི་དང་ཐེ་ཚོམ་ཅི་ཡང་མེད་པར་ཁོ་ལ་ཡང་ཡང་འཇབ་རྒོལ་བྱས་པས། ཁོས་རྒྱང་རིང་གི་འོད་ཀོར་ཁེར་རྐྱང་དེར་མིག་དབང་གཏད་དེ་ཤུགས་རིང་ནར་ནར་རེ་ཕྱུང་ནས་དཀའ་གནད་གསལ་བའི་མེ་ལོང་དེ་ཡང་རེ་ཞིག་བློར་འཛིན་རྒྱུ་བརྗེད།
མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།
འབྲེལ་ཡོད་འོས་སྦྱོར།