དུས་ཚོད་དང་འགྲན་རྒྱུགས་བྱ། རྣམ་རྒྱལ་སྒྲོལ་མ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2013-10-13
ཀློག་གྲངས།:
རུས་མིང་། རྣམ་རྒྱལ་སྒྲོལ་མ།
འཛིན་གྲྭ མཐོ་གཅིག་འཛིན་གཅིག
སློབ་སྦྱོང་བྱེད་པའི་དུས་སུ་བློ་རྩེ་གཅིག་སྒྲིམ་མི་བྱེད་པར་ལེ་ལོ་རྣམ་གཡེང་གི་དབང་དུ་གྱུར་པའི་སྐབས། རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་ནམ་ཡང་མཚམས་མི་འཇོག་པར་མདུན་དུ་རྒྱུགས་བཞིན་འདུག མི་སུ་ཞིག་ཡིན་རུང་། འཇིག་རྟེན་འདིའི་སྟེང་དུ་སླེབས་པ་ན། དཀའ་ངལ་མང་པོར་འཕྲད་སྲིད། འོན་ཀྱང་། དཀའ་ངལ་གྱི་མདུན་དུ་མགོ་བོ་སྒུར་མི་རུང་། བརྩོན་པ་དང་བློ་གྲོས་ལྡན་ན་དཀའ་ངལ་ནི་ཁྱེད་ཀྱི་རྒྱུ་ནོར་དུ་འགྱུར་སྲིད། མི་ཚེའི་བགྲོད་ལམ་སྟེང་དུ་དཀའ་ངལ་མང་པོ་བརྒྱུད་ན། ད་གཟོད་འཚོ་བའི་ལོ་ཏོག་སྨིན་ནས་འབྲས་བུ་འབྱུང་སྲིད།
འཚོ་བ་དང་འུ་ཅག་གི་བར་ན་སྡུག་བསྔལ་ལས་བདེ་སྐྱིད་མེད་པར་མ་བསམ། མི་ཚེ་ལ་སྐྱིད་སྡུག་དང་། གནམ་གཤིས་ལ་འགྱུར་ལྡོག་ཡོད་པ་དང་འདྲ་བར་འཚོ་བར་བདེ་སྐྱིད་དང་སྤྲོ་སེམས་ཀྱིས་ཁེངས་འདུག མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་པདྨའང་ནམ་ཡིན་ཡང་མཛེས་སྡུག་ལྡན་པ་ཞིག་ག་ལ་ཡིན། འཇིག་རྟེན་ནི་ནམ་ཡང་མཛེས་སྡུག་གི་འཇིག་རྟེན་ཞིག་ཡིན། མགོ་བོ་ཡར་ལ་བཀྱགས་ནས་ཨ་སྔོན་གྱི་དབྱིངས་ལ་ལྟོས་དང་། ཨ་སྔོན་ནི་ཅི་འདྲའི་ཁོད་ཡངས་པ་དང་ཇི་འདྲའི་སྔོ་ཞིང་དྭངས་པ་ཞིག་རེད་ཨང་། བདག་ཅག་གིས་རང་རང་གི་ལས་ལ་ཧུར་བརྩོན་དང་རྔུལ་ཆུ་འབུལ་ཐུབ་ན། གཞོན་ནུའི་དུས་སྐབས་ནི་ནམ་ཡང་འོད་མདངས་རབ་ཏུ་བཀྲ་བའི་ནམ་མཁའ་ལྟར་དྭངས་ཤིང་གཙང་།
དེ་བས་ང་ཚོས་དུས་ཚོད་དམ་འཛིན་བྱེད་དགོས་ལ། ཤེས་བྱ་ནི་དུས་ཚོད་དམ་འཛིན་བྱེད་མཁན་ལ་དབང་བ་དང་། ལེ་ལོ་ཅན་གྱི་མིག་ལམ་དུ་དུས་ཚོད་ནི་རིན་མེད་ནོར་བུ་ཞིག་ཡིན་པ་གཞི་ནས་རྟོགས་དགོས། ཤེས་བྱ་སྦྱང་མཁན་ཞིག་ལ་མཚོན་ན་དུས་ཚོད་ནི་རྒྱལ་ཁ་ཡིན་པ་གདོན་མི་ཟའོ། །

མཛུབ་སྟོན་དགེ་རྒན། ཚེ་རིང་བཀྲ་ཤིས།
འབྲེལ་ཡོད་འོས་སྦྱོར།