བོད་ཀྱི་རྒྱན་ཆ་ལས་འཕྲོས་པའི་བསམ་གཞིགས། པདྨ་ཚེ་རིང་།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2013-10-13
ཀློག་གྲངས།:
རུས་མིང་། པདྨ་ཚེ་རིང་།
འཛིན་གྲྭ མཐོ་གཅིག་འཛིན་གཅིག
སྤྱིར་ཟླུམ་གཟུགས་ས་ཡི་གོ་ལའི་སྟེང་འཚོ་གཞེས་བྱེད་བཞིན་པའི་མི་རིགས་གང་ཞིག་ཡིན་ནའང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་རིགས་སྣ་ཚོགས་ཡོད་སྲིད། ལྷག་པར་དུ་གོ་ལ་རིལ་བོའི་ཡང་རྩེ་ན་འཚོ་ཞིང་། གངས་དཀར་རི་བོའི་མུ་ཁྱུད་ཀྱིས་བསྐོར་བའི་མི་རིགས་འདི་ལ་མཚོན་ན། གནའ་ནས་ད་བར་དུ་རྒྱན་ཆ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་མཁོ་རྫས་གལ་ཆེན་ཞིག་ཡིན་ལ། དེར་རིགས་ཀྱང་སྣ་ཚོགས་ཤིག་ཡོད། དེ་ཡང་རྒྱལ་ནང་དང་ཐ་ན་རྒྱལ་སྤྱིའི་མི་རིགས་གཞན་གྱིས་ཀྱང་སྐེ་ལ་གཡུ་དང་བྱུ་རུའི་མགུལ་རྒྱན་བཏགས་ཤིང་མགོ་ལ་རི་དྭགས་ཝ་ལ་སོགས་པའི་ཞྭ་མོ་གྱོན་ཞིང་། ལུས་ལ་སྟག་གཟིག་སྲམ་གྱི་པགས་པས་བཟོས་པའི་ལྭ་བ་གྱོན་མཁན་ཞིག་མཐོང་འཕྲལ་དེ་མ་ཐག་ཏུ་བོད་རིགས་ཤིག་ཡིན་པ་ངང་ངམ་ཤུགས་ཀྱིས་ཡིད་ལ་ཝ་ལེར་འཆར་གྱིན་ཡོད། དེ་ཡང་བོད་བཙན་པོའི་དུས་རབས་སུ་བོད་དམག་གིས་ཕྱོགས་བཞིར་གཡུལ་འགྱེད་དང་དཔུང་འཇུག་བྱེད་དུས། དཔའ་བོའི་མཛད་རྗེས་གཟེངས་སུ་ཐོན་པ་ལ་སྟག་དང་གཟིག་གི་པགས་པ་ཕྲག་པར་བསྐོན་ནས་ཁོ་ཚོའི་རླབས་ཆེན་མཛད་རྗེས་མཚོན་པར་བྱེད་པའི་བཀྲ་ཤིས་རྟགས་མཚན་ཡིན་མོད། འོན་ཀྱང་། དུས་ད་ལྟར་ང་ཚོས་འདི་ཉིད་མི་རིགས་ཀྱི་གཟི་བརྗིད་ཅིག་དང་ལ་རྒྱ་ཞིག་ཏུ་བསམ་ལ། དབུལ་ཕྱུག་དང་མཆོག་དམན་གྱི་གོ་གནས་དང་ཁྱད་པར་འཇལ་བྱེད་ཀྱི་ཉ་ཀ་ལྟ་བུ་ཞིག་དང་བོད་མི་ཡོངས་ཀྱི་རིག་གནས་དང་བསམ་བློ། མཛེས་དཔྱོད་ལྟ་བའི་ཚད་གཞི་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག ཡིན་ཡང་། གཞན་རིགས་ཟླ་བ་ལ་སོགས་སྐར་མའི་གོ་ལའི་སྟེང་དུ་གང་འདོད་ཀྱིས་ཞིབ་འཇུག་དང་ནུས་ཁུངས་གསར་བ་སྔོག་འདོན་བྱེད་དུས་སུ། རང་རིགས་ཀྱིས་གཡུ་དང་བྱུ་རུའི་སྐེ་རྒྱན་བསགས་ཤིང་། སྟག་དང་གཟིག་གི་པགས་པ་བསྒྲིགས་ནས་ཕྱི་རྫ་རི་སྨུག་པོ་དང་ནང་རྫ་ཁོག་སྐམ་པོའི་དཔེ་ལྟར་དུ་མི་ཚེ་ཐུང་ཐུང་སྡུག་གིས་བསྐྱལ་ཅིང་ཐ་ན་ཕ་བུའི་བར་དུ་ཡང་ནང་འཁྲུག་བྱུང་བཞིན་གདའ། སྤྱིར་ན་མགོ་ནག་བོད་པ་ནི་བྱམས་དང་སྙིང་རྗེའི་བདག་པོ་ཡིན་ཞེས་ཀུན་གྱིས་ལྒིང་བཞིན་མཆིས། འོན་ཀྱང་། འགྲོ་བ་ཀུན་གྱི་བློ་ཡུལ་ལས་འདས་པ་ཞིག་ལ། མི་རིགས་འདིས་གཡུ་དང་བྱུ་རུའི་རྒྱན་ཆ་བཏགས་ཤིང་། སྟག་དང་གཟིག་གི་པགས་པ་བཤུས་པ་འདི་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་སེམས་ཅན་འདིའི་སྲོག་འཕྲོག་པ་མ་ཡིན་ནམ། ཤེས་རིག་གི་འདབ་ལག་རྒྱས་ཤིང་ཚན་རིག་གི་འབྲས་བུ་སྨིན་པའི་དུས་རབས་གསར་བ་འདིར། ང་ཚོས་ད་དུང་ཀླ་ཀློ་ཡི་བརྟུལ་ཞུགས་བཟུང་ནས་མི་རིགས་ཀྱི་སྲོལ་རྒྱུན་མཐའ་དག་གདམ་གསེས་མེད་པར་རྒྱུན་འཛིན་བྱེད་དམ། བོད་མི་རིགས་ཀྱིས་སྟག་གཟིག་སྲམ་གྱི་པགས་པ་གྱོན་ཞིང་གཡུ་དང་བྱུ་རུའི་རྒྱན་ཆ་འདོགས་པ་འདི་རང་བྱུང་ཁམས་ཆེན་པོ་དང་འགྲོ་བ་མིའི་འཕེལ་རྒྱས་ཀྱི་འགྲོས་དང་མི་མཐུན་ལ། ལྷག་པར་དུ་གོ་ལ་ཧྲིལ་བོས་སྐྱེ་ཁམས་དོ་མཉམ་གྱི་འཇིག་རྟེན་གསར་བ་འཛུགས་སྐྲུན་བྱེད་པའི་དུས་འདིར། རི་སྐྱེས་སྲོག་ཆགས་གཏན་ནས་གསོད་མི་རུང་ལ་རི་དྭགས་རྩ་ཆེན་གྱི་པགས་པ་དེ་བས་ཀྱང་གྱོན་ག་ལ་རུང་།མགོ་ནག་བོད་པ། ཤེས་རིག་གི་འོད་སྣང་འཚེར་ས། གདོང་དམར་བོད་པ། འགྲོ་བ་སེམས་ཅན་མ་རུ་བསྒོམ་མཁན། ང་ཚོ་རྗེས་རབས་པ་རྣམས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཅིས་ཀྱང་སྲོལ་རྒྱུན་རྙིང་བའི་ནོར་འཁྲུལ་གྱི་ལྟ་བ་འདི་དག་འདོར་དགོས་ལ། ང་ཚོས་ཅིས་ཀྱང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྡོངས་ནས་བོད་ཀྱི་རྒྱན་གོས་ལོ་རྒྱུས་ལ་ལོ་རྒྱུས་རང་བཞིན་གྱི་གཤག་བཅོས་ཐེངས་ཤིག་བྱེད་དགོས།

མཛུབ་སྟོན་དགེ་རྒན། ཚེ་རིང་བཀྲ་ཤིས།
འབྲེལ་ཡོད་འོས་སྦྱོར།