logo

༄༅།།དུས་རབས་གསར་བར་བསྐྱོད་པ། རྡོ་རྗེ་དབང་ཕྱུག

རྩོམ་པ་པོ།:རྡོ་རྗེ་དབང་ཕྱུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-01-07 ཀློག་གྲངས།:
དུས་རབས་གསར་བར་བསྐྱོད་པ།
དམའ་གཉིས་འཛིན་གྲྭ་ལྔ་བ། རྡོ་རྗེ་དབང་ཕྱུག
ད་ལྟའི་སྤྱི་ཚོགས་ནི་གནའ་བོའི་སྤྱི་ཚོགས་དང་མི་འདྲ་སྟེ། འཚོ་བའི་རྒྱུ་སྤུས་ཇེ་ལེགས་སུ་བཏང་བ་དང་། སྨན་རྩལ་ཆུ་ཚད་ཇེ་མཐོར་སོང་བ་དང་། འགྲིམ་འགྲུལ་ཡོ་བྱད་ཇེ་ལེགས་སུ་བཏང་བ། སའི་གོ་ལ་བརྒལ་བ་ནི་ང་ཚོའི་རྨི་ལམ་གཏན་ནས་མ་རེད། མཁའ་དབུགས་གསར་བ་མེད་པར་གྱུར་ལ། ཆུ་བཙོག་མང་བོ་བཏང་བ་དང་། ངེད་ཚང་གི་ཉེ་འགྲམ་དུ་བཟོ་གྲྭ་ཆུང་ཆུང་ཞིག་ཡོད་ལ། ཉིན་གང་བོར་དུ་བ་ནག་པོ་ཞིག་གནམ་དུ་འཕྱུར་བཞིན། དུ་བ་དེས་གནམ་གྱི་ཁ་དོག་བསྒྱུར་འདུག་ལ། གླག་རྒོད་ཀྱིས་ནམ་འཕང་བསྟོད་མི་ཐུབ་ལ། མིས་མཁའ་དབུགས་གསར་བ་འབྱིན་རྔུབ་ཀྱང་བྱེད་མི་ཐུབ་པར་གྱུར། འདི་ནི་དུས་རབས་གསར་བའི་ལམ་ངོགས་ནས་མིའི་རིགས་ལ་སྨིན་པའི་ཞར་བྱུང་གི་གནོད་འཚེ་ཞིག་ཀྱང་ཡིན་པས་ང་ཚོས་ངེས་པར་དུ་འདི་ལྟ་བུའི་མིའི་རིགས་ལ་གནོད་ཅིང་འཚེ་བའི་བྱ་སྤྱོད་ངེས་པར་དུ་བཅོས་བསྒྱུར་བྱེད་དགོས་པ་རེད།
མཛེས་སྡུག་གི་རྩ་ཐང་ནི་རྨེག་མེད་དང་རྐོ་སློག་གིས་བརླགས་པར་བྱས་ཤིང་། ཆུ་བོ་ནི་འཕྲུལ་སྣུམ་དང་གད་སྙིགས་ཀྱིས་བཀང་། དུས་རབས་གསར་བར་བསྐྱོད་པར་བཟང་ཆ་ཡང་ཡོད་དེ།ང་ཚོའི་མི་ཕན་ཚུན་འབྲེལ་འདྲིས་བྱེད་པར་སྟབས་བདེ་གང་ལེགས་སྐྲུན་ཡོད་པ་རེད། འགྲིམ་འགྲུལ་ཡོ་བྱད་མང་བོ་ཞིག་བྱུང་ཡོད་པ་སོགས་ནི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་དགེ་མཚན་ཞིག་ལས་མ་འདས་པ་རེད།
རྟ་མཆོག་གི་བང་ལས་མགྱོགས་པའི་འཕྲུལ་རྟས་ས་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ་བྱེད་ལ། རླངས་འཁོར་ཀྱིས་དྲོ་སྐྱིད་ངང་ཕྱོགས་གང་སར་བསྐྱོད་ཆོག་ལ། གནམ་གྲུས་བསམ་དབང་དྲན་དབང་མེད་པར་སྤྱི་ལེའི་དུ་མའི་ཕར་ལ་བསྐྱལ། དར་རྒྱས་བྱུང་བའི་སྨན་རྩལ་གྱིས་ནད་བརྒྱ་གསོས། དེངབས་རབས་གསར་བ་ནི་ཕུན་སུམ་ཚོགས་པ་ཡིན། སྔར་མེད་པའི་སྤྱི་གླིང་དང་སྤྲོ་སྐྱིད་ཀྱི་གླིང་གས་ལྷ་ཡུལ་གྱི་མཛེས་སྡུག་ལ་འགྲན་ཞིང་། ཟས་རིགས་སྣ་ཚོགས་ཀྱིས་མིས་ཡིད་སེམས་འགུག འོན་ཀྱང་དུས་རབས་གསར་བས་སྦྲ་ནག་རྩ་ཐང་དུ་ཉམས་དུ་བཅུག་ལ། ཕ་སྐད་གཙང་མའི་དངས་གཙང་གི་ཆུ་བོ་ལ་འབག་བཙོག་བཟོས་སོང་། མི་རིགས་གང་དང་གང་ཡིན་ཡང་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་གོམས་སྲོལ་བཟང་བོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་མེད་པར་བྱེད་པ་སོགས་ནི་དུས་རབས་གསར་བ་མདུན་བསྐྱོད་བྱེད་པའི་རྣམ་པ་ལས་བྱུང་བའི་སྣང་ཚུལ་ཞིག་ཀྱང་ཡིན་པས་ང་ཚོས་དུས་རབས་གསར་བའི་འགན་འཁྲི་ལེགས་འགྲུབ་བྱེད་དགོས་ལ་རང་གི་ཡུལ་སྲོལ་གོམས་འདྲིས་དང་རིག་གནས་སྒྱུ་རྩལ་སོགས་ཀྱི་ཆ་ཡང་སྔར་ལས་ལྷག་པར་ཡར་རྒྱས་སུ་གཏོང་དགོས་པ་རེད།
འབྲེལ་ཡོད་འོས་སྦྱོར།