མང་རྫོང་སྤྱི་བདེ་ཅུས་ཀྱིས་ཤོ་རྒྱག་ལ་རྡུང་རྡེག་བྱེད་པའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:ཚེ་རིང་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-06-14
ཀློག་གྲངས།:
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྤྱི་ཟླ6པའི་ཚེས12ཉིན། མང་རྫོང་སྤྱི་བདེ་ཅུས་ཀྱིས་གཅིག་བསྡུས་སྒོས་རྒྱན་འཇོག་ཤོ་རྒྱག་ལ་རྡུང་རྡེག་བྱེད་པའི་བྱ་འགུལ་སྤེལ། བྱ་འགུལ་ཁྲོད་རྒྱན་འཇོག་ཤོ་རྒྱག་དང་འབྲེལ་བའི་གྱོད་གཞི་གཅིག་རྩད་གཅོད་བྱས་ཏེ། རྒྱན་དངུལ་སྒོར3200དང་། མཱ་ཅང་འཕྲུལ་ཆས་གཅིག ཤོ་རྒྱག་མི་སྣ5སོགས་རྩད་གཅོད་བྱས། དགོང་མོའི་ཆུ་ཚོད22སྟེང་། མང་ཆུ་མངག་གཏོང་ཁང་ལ་གཏུག་བཤེར་ཁ་པར་འབྱོར་ཏེ། མང་ཆུ་གཞིས་ཁུལ་དུ་རྒྱན་འཇོག་ཤོ་རྒྱག་གི་གནས་ཚུལ་ཡོད་པ་བཤད། ཉེན་རྟོག་པ་མྱུར་དུ་ཡུལ་དངོས་ལ་འབྱོར་ཏེ་ཤོ་རྒྱག་མི་སྣ4དང་ཤོ་རྒྱག་ས་གནས་མཁོ་འདོན་མཁན1འཛིན་བཟུང་བྱས་ཤིང། ཉེན་རྟོག་པས་ཁྲིམས་ལྟར་ཤོ་རྒྱག་མི་སྣ་མང་ཆུ་མངག་གཏོང་ཁང་ལ་ཁྲིད་དེ་འདྲི་གཅོད་ནན་མོ་བྱས། མཐར་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཤོ་རྒྱག་མི་སྣ་ཉིན10ལ་བཀག་སྐྱིལ་བྱས་པ་དང་མི་རེར་སྒོར500ཡི་ཆད་པ་བཅད།
འབྲེལ་ཡོད་འོས་སྦྱོར།