མཚོ་སྔོན་པོ་དྲ་བ་བཙུགས་ནས་བགྲང་བྱ་བརྒྱད་ལོན་པའི་སྐྱེས་སྐར།
རྩོམ་པ་པོ།:མི་ཆུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-11-28
ཀློག་གྲངས།:
ལོ་ངོ་བརྒྱད་སྔོན་གྱི་དེ་རིང་ནི། ང་ཚོས་ས་ཆེན་གྱི་སྤྱི་གཙུག་ལ་ཡེ་ཤེས་ཀྱི་སྤྱན་རས་ཕབ་པའི་ཉིན་མོ་ཡིན་ལ། ལོ་ངོ་བརྒྱད་སྔོན་གྱི་དེ་རིང་ནི། ང་ཚོས་ཆ་འཕྲིན་གྱི་གསེར་འོད་འཛམ་གླིང་ལ་བསྒྲོན་པའི་ཉིན་མོའང་ཡིན། མཚོ་སྔོན་པོ་དྲ་བ། ད་ལྟ་བསམ་ན། ལོ་ངོ་བརྒྱད་ཀྱི་ཀྱག་ཀྱོག་གི་ལམ་བུ་ནི། དཀའ་སྡུག་དང་རྔུལ་ཆུས་བྲིས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་། གསར་གཏོད་དང་ཚན་རྩལ་གྱིས་དྲངས་པའི་དུས་རབས་ཀྱི་ཐོད་བརྒལ་ཅིག་ཡིན། ཁྱེད་ཀྱི་མཛད་པ་ནི་གཞིས་བྱེས་ལམ་གྱི་མཐོང་ཐོས་སུ་གྱུར་ཅིང་། ཁྱེད་ཀྱི་སྙན་པ་ནི་རྒན་དར་གཞོན་པའི་ཞལ་སྒོ་ན་འཕུར། དེ་རིང་བོད་ཆོལ་ཁ་གསུམ་གྱི་བྲིས་པ་རྣམས་ཀྱིས་ཁྱེད་ལ་ཡིག་རིས་ཀྱི་མཆོད་པ་བཤམས་འདུག སྨོན་འདུན་གྱི་ཁ་གཡང་ཕུལ་འདུག ཁྱེད་ཀྱི་སྙན་པ་གོ་ལའི་ཁྱོན་ལ་ཁྱབ་ཅིག་གུ
འབྲེལ་ཡོད་འོས་སྦྱོར།