ཡུས་ཧྲུའུ་ས་འགུལ་རྒུད་སྐྱོབ་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཧྲི་ཅ་གྲོང་ནས་ཚོགས་པ།
རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ
ཡོང་ཁུངས།:མཚོ་སྔོན་ཉིན་རེའི་ཚགས་པར།
དུས་ཚོད།:2010-11-03
ཀློག་གྲངས།:
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས1ཉིན། མཚོ་སྔོན་ཡུས་ཧྲུའུ་ས་འགུལ་གནོད་འགོག་རྒུད་སྐྱོབ་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་དེ་ཧི་པེ་ཞིང་ཆེན་ཧྲི་ཅ་གྲོང་གྲོང་ཁྱེར་མི་དམངས་ཚོགས་ཁང་ནས་ཚོགས། ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཉེ་ཁྲིན་ཞི་ཡིས་མཛའ་བརྩེའི་ངང་སྙན་ཞུ་ཚོགས་པའི་ཚོགས་མི་ཡོངས་ལ་མཇལ་འཕྲད་གནང་། ཧི་པེ་ཞིང་ཆེན་གྱི་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ལས་ཁུངས་ཀྱི་ལས་བྱེད་པ། མེ་གསོད་རུ་ཁག དྲག་ཆས་དཔོན་དམག་དང་སློབ་མ་བཅས་ཀྱི་འཐུས་ཚབ་པ་མི400ལྷག་གིས་སྙན་ཞུ་ཚོགས་འདུར་ཉན།
སྙན་ཞུ་ཚོགས་པས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་བསམ་བློའི་སྙིང་སྟོབས་དང་ཕུལ་བྱུང་གི་མི་གཤིས་འགྲེམ་སྟོན་བྱེད་པའི་དུས་མཚུངས་སུ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ། ཧི་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་གནོད་ཁུལ་མི་དམངས་ལ་སྒེར་སེམས་མེད་པར་རོགས་སྐྱོར་དང་མཛའ་བརྩེ་བཅངས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས།

འབྲེལ་ཡོད་འོས་སྦྱོར།