༄༅།།ཁྲི་ཀ་རྫོང་གིས་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་པ་གཟབ་རྒྱས་ངང་བསྡུས་པ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-04-09
ཀློག་གྲངས།:

མཛད་སྒོ་འགོ་རྩོམ་བཞིན་པ།
ཟླ༤བའི་ཚེས༩ཉིན། ཁྲི་ཀ་རྫོང་གིས་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་པ་ཆུ་འཁོར་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་རེད། ཐེངས་འདིར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བློ་མཐུན་ཝའེ་ཞིན་ཧྭ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་བློ་མཐུན་ལུའུ་ཡན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་བློ་མཐུན་ཁྲེན་ཡན་པང་སོགས་རིམ་པ་སོ་སོའི་འགོ་ཁྲིད་རྣམས་འགོ་ཚུགས་མཛད་སྒོ་རུ་འབྱོར་ཡོད་པ་དང་། ཀྲུང་གུང་ཁྲི་ཀ་རྫོང་ཨུའི་རྒྱུན་ལས་སམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ། ཡུལ་སྐོར་གསར་སྤེལ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་མཐུན་ཀྲང་ཞུའུ་ལུང་གིས་མཛད་སྒོར་མདོ་འཛིན་བྱས་པ། ཀྲུང་གུང་ཁྲི་ཀ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བློ་མཐུན་གནམ་ལྷ་ཡིས་ཤིས་ཚིག་འབུལ།

རྫོང་དཔོན་གནམ་ལྷ་ཡིས་ཤིས་ཚིག་འབུལ་བཞིན་པ།

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།
ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གི་ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་ངང་ཡར་འཕར་བ་དང་། ཡུལ་སྐོར་ཐོན་ལས་ཀྱི་གནས་བབ་བསྟུད་མར་མཐོ་རུ་ཕྱིན་པ་དང་བསྟུན་ནས། ཡུལ་སྐོར་ལས་རིགས་དེ་ཁྲི་ཀ་རྫོང་གི་ཞབས་ཕྱིའི་ལས་རིགས་ཁྲོད་ཀྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད་པས། ཁྲི་ཀ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྐུལ་འདེད་གཏོང་བར་ཐོན་པའི་ནུས་པ་དེ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
སྐབས་མང་པོའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ་བརྒྱུད་ནས། ད་ལྟའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཁྲི་ཀ་རྫོང་གི་ཚད་གཞི་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བ། ཁྱད་ཆོས་ཆེས་ལྡན་པ། དམངས་ཡོངས་ཟབ་ཞུགས་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་འདུ་ཚོགས་སམ་ཡང་ན་བྱ་འགུལ་གལ་ཆེན་ཞིག་ཡིན།

ཁྲི་ཀའི་ལི་སྡོང་མེ་ཏོག
ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུ། རང་མོས་རྩོལ་འཐབ་སྐོར་སྐྱོད་འགྲན་བསྡུར་གྱི་ཁྲི་ཀའི་ས་ཚུགས་ཀྱི་འགྲན་སྡུར་དང་། ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་ངོ་མཚར་ཆེ་བའི་རྡོ་སྤུས་གདན་ཞུའི་འགྲན་སྡུར། ཁྲི་ཀའི་མཛེས་སྡུག་ལྡན་པའི་རྨ་ཆུའི་རྒྱུག་གཞུང་། ཁྲི་ཀ་རྫོང་གི་རས་སྦྱར་ཤོག་དྲས་རི་མོའི་འགྲེམས་སྟོན། ལིས་པའོ་ཙུང་གི་སྣུམ་རིས་འགྲེམས་སྟོན། ཁྲི་ཀ་རྫོང་གི་རི་མོའི་འགྲེམས་སྟོན། ཁྲི་ཀའི་ཁྱད་ཆོས་ལྡན་པའི་ཟས་ཟིགས་འགྲན་སྡུར་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། བྱ་འགུལ་འདི་དག་ལ་བརྟེན་ནས་ཁྲི་ཀ་རྫོང་གི་དགེ་མཚན་ལྡན་པའི་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར་བྱ་རྒྱུ་དང་། ཁྱབ་ཁོངས་སོ་སོ་ནས་ཚོང་འགུགས་དངུལ་འདྲེན་བྱ་རྒྱུ། ཕྱོགས་སོ་སོ་ནས་སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། དེ་མིན་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བར་ཁྲི་ཀའི་རང་བྱུང་མི་ཆོས་མཛེས་ལྗོངས་དང་ཁྱད་ལྡན་ཞིམ་ཟས་འོས་སྦྱོར་བྱ་རྒྱུ་དང་། ཁྲི་ཀ་ལ་ཡུལ་སྐོར་བྱེད་དུ་འོང་བ། ཁྲི་ཀ་ལ་མ་དངུལ་གཏོང་དུ་འཇུག་པ་སོགས་ཀྱི་ཐབས་ལམ་ཡག་པོ་ཞིག་འདོན་སྤྲོད་བྱས་ཡོད་པ་མ་ཟད། ཁྲི་ཀ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་པ་གདོན་མི་ཟའོ།།