2021—2025ལོའི་མཚོ་སྔོན་ཞིང་ཆེན་གྱི“ཚན་རྩལ་དགོན་སྡེ་རུ་སྤེལ་བའི”བྱ་འགུལ་མགོ་བརྩམས་པ།
རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-09-18
ཀློག་གྲངས།:
ཟླ9པའི་ཚེས17ཉིན། 2021—2025ལོའི་མཚོ་སྔོན་ཞིང་ཆེན་གྱི“ཚན་རྩལ་དགོན་སྡེ་རུ་སྤེལ་བའི”བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས་ནས་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཏི་ཀྲི་གཉིས་མཛད་སྒོར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ“ཚན་སྤེལ་ཀྲུང་གོ”eས་ཚིགས་ཞེས་པའི་འཚོལ་བཤེར་མ་ལག་གནང་།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། “ཚན་རྩལ་དགོན་སྡེ་རུ་སྤེལ་བའི”བྱ་འགུལ་མགོ་ཚུགས་པ་ནི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ལག་ལེན་དངོས་ཡིན་ལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྱི་ཞིང་ཆེན་བསྐྲུན་རྒྱུ་དང་དམངས་ཡོངས་ཀྱི་ཚན་རྩལ་ཤེས་བྱའི་བྱང་ཚད་ཇེ་མཐོར་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག་ཡིན། འབྲེལ་ཡོད་ལས་ཁུངས་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་ཚན་སྤེལ་བྱ་བའི་གསོན་ཉམས་རང་བཞིན་དང་ཚན་རིག་རང་བཞིན། མང་ཚོགས་རང་བཞིན་བཅས་འབུར་ཐོན་ཡོང་བར་བྱ་རྒྱུ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཞིང་ཆེན་གྱི་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་ས་ཡོངས་ལ་ཚན་སྤེལ་བྱ་བ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་རྒྱུ། ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་སློབ་སྦྱོང་དང་འཚོ་བར་ཚན་རྩལ་གྱི་གཤོག་ཟུང་རྒྱས་སུ་བཅུག་སྟེ། སྤྱི་ཚོགས་ཡོངས་ཀྱིས་འཚོ་བ་གསར་བ་བསུས་ཤིང་གྲུབ་འབྲས་གསར་བ་གཏོད་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་ནུས་ཤུགས་ཡོད་དགུ་འདོན་དགོས།
“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ལ“ལོ་བརྒྱའི་གསར་བརྗེའི་ལམ་བུ་སྟེང་། ཚན་སྤེལ་སྤྱི་ལེ་ཁྲི་ལ་བསྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས“ཚན་རྩལ་དགོན་སྡེ་རུ་སྤེལ་བའི”བྱ་འགུལ་སྤེལ་རྒྱུ་དང་། “ཚན་སྤེལ་ཀྲུང་གོ”སོགས་ཀྱི་སྟེགས་བུ་དང་ཚན་སྤེལ་སྤོ་འགུལ་རླངས་འཁོར་གྱི་ནུས་ཁུངས་བེད་སྤྱད་ནས་སྐྱེ་ཁམས་ཚན་རྩལ་དགོན་སྡེ་རུ་སྤེལ་རྒྱུ་དང་། འཕྲལ་བསྟུན་ཚན་རྩལ་དགོན་སྡེ་རུ་སྐྱེལ་བ། བདེ་ཐང་ཚན་རྩལ་དགོན་སྡེ་རུ་སྐྱེལ་བ་སོགས་ཆེད་དོན་བྱ་འགུལ་སྤེལ་ནས། རྒྱ་ཆེ་བའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་དྲིལ་སྒྲོག་དང་ནང་དོན་ཕུན་སུམ་ཚོགས་པའི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏང་རྒྱུ་རེད། །



འབྲེལ་ཡོད་འོས་སྦྱོར།