དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར༣༦ལོན་པའི་རྗེས་དྲན་གྱི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།
རྩོམ་པ་པོ།:འཇམ་མགོན་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-30
ཀློག་གྲངས།:

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར༣༦ལོན་པའི་རྗེས་དྲན་གྱི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།

ང་ཚོ་ལ་བཤད་མི་ཚར་བའི་གཏམ་རྒྱུད་དང་གྱེར་མི་ཚར་བའི་སྙན་ངག་ཡོད་པས། ང་ཚོས་གཏམ་རྒྱུད་ཀྱིས་གཞན་སེམས་བཀུག་ན་ཆོག ང་ཚོས་སྙན་ངག་གིས་སེམས་མཆོད་འབུལ་ན་ཆོག

རེད་ཡ། སྟོན་གསུམ་གསེར་ལྗོངས་ཡག་པོས་གྱེས་བྲལ་གྱི་འབོད་བརྡ་བཏང་སྟེ། དགུན་གསུམ་ཁ་བ་དཀར་བོའི་རང་མདངས་ཕྱི་རུ་མངོན་པའི་དུས་ཚིགས་འདི་ལ། རང་སློབ་གྲྭས་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་དང་སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་སྤྲོ་བ་འཕེལ་བ། མི་རང་ཉིད་ཀྱི་སྤོབས་པ་དང་ནུས་པ་སྦྱོང་བརྡར་བྱེད་པ་སོགས་ ཕྱོགས་ཡོངས་ལ་དམིགས་ནས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཕྱི་དྲོར་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར༣༦ལོན་པའི་རྗེས་དྲན་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།
འབྲེལ་ཡོད་འོས་སྦྱོར།