༄༅། །ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རྩོམ་པ་པོ་ཆུང་ཆུང་རྟགས་མའི་བོད་རྩོམ་འགྲན་སྡུར་གྱི་བྱེད་སྒོ་སྤེལ།
རྩོམ་པ་པོ།:འཇམ་མགོན་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-07
ཀློག་གྲངས།:
སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་དགོང་མོར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རྩོམ་པ་པོ་ཆུང་ཆུང་རྟགས་མའི་བོད་རྩོམ་འགྲན་སྡུར་གྱི་བྱ་འགུལ་སྤེལ།
མཁས་པའི་བྱ་བ་རྣམ་གསུམ་གང་ཡིན་ན་ཡང་བོད་ཀྱི་རིག་གནས་ཀྱི་རྐང་ཡིན་པས། དམའ་འབྲིང་སློབ་མ་ནས་མགོ་བཟུང་སྟེ་རང་ནུས་སྒོས་རྩོམ་ཡིག་འབྲི་སྦྱོང་བྱེད་པ། བྲིས་ནས་དགའ་མོས་ཡོད་པ། རྩོམ་ཡིག་གི་གོམས་འབྲི་ལ་རྨང་གཞི་ཡག་པོ་ཞིག་འཇོག་པ་དང་། རྩོམ་ཡིག་འབྲི་བའི་མཁའ་དབུགས་ལེགས་བསྒྱུར་བྱེད་པ། རྨང་གཞི་དེའི་སྟེང་ནས་རྩོམ་པ་པོ་ཆུང་ཆུང་འདི་རྣམས་ཕུལ་བྱུང་རྩོམ་པ་པོ་རུ་འགྱུར་རྒྱུ་དེ་ནི་དེ་བས་ཀྱང་གལ་ཆེ་བས། རང་སློབ་གྲྭས་འདི་ལྟ་བུའི་དམིགས་འབེན་གཙིགས་སུ་འཛིན་པ་དང་སློབ་མའི་ནུས་པ་སྔོག་འདོན་བྱེད་པའི་ཆེད་དུ༢༠༢༡ལོའི་ཟླ༡༡པའི་ཚེས༢༩ཡི་དགོང་མོར་འཛིན་གྲྭ་རེ་ནས་སློབ་བུ་གསུམ་རེ་བདམས་ནས་ཆུ་བརྗོད་བྱ་རུ་བྱས་ཏེ་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ཞིག་ལེགས་འགྲུབ་སྒོས་བསྡུས།
ཐེངས་འདིའི་
འགྲན་སྡུར་རྩོམ་ཡིག་གི་བརྗོད་བྱ་ནི། ཆུ་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་ཡོད་པ་ནི་ང་ཚོ་མིའི་རིགས་ཀྱི་ཚེ་སྲོག་ལ་ཐད་ཀར་འབྲེལ་བ་ཡོད་པས་སུ་དང་གང་ཡིན་ཡང་ང་ཚོའི་ལུས་སྟེང་གི་ཟུངས་ཁྲག་ལྟ་བུའི་ཆུ་ལ་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེ། དེ་བས་བརྗོད་བྱ་ཆུ་དང་འབྲེལ་བའི་ལྷུག་རྩོམ་ཞིག་འབྲི་བར་གཏན་འཁེལ་བྱས།

དགེ་སློབ་རྣམས་ཀྱིས་བཤུ་འབྲི་དང་གཡོ་ཟོལ་སོགས་ཀྱིས་མ་བཅིངས་པར་དུས་ཚོད་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་རྩལ་ཤུགས་ཕྱི་རུ་བཏོན་ནས་སློབ་མ་སོ་སོས་དུས་ཚོད་གཅིག་དང་ཕྱེད་ཀ་བེད་སྤྱད་ནས་ཡོངས་སུ་བྲིས་ཚར་སོང་། དེ་དང་བསྟུན་ནས་ལོ་རིམ་སོ་སོའི་དགེ་རྒན་རྣམས་ཀྱིས་སློབ་མའི་རྩོམ་ཡིག་བརྗེ་གསོར་བྱས་ནས་དགེ་རྒན་རེས་སློབ་མ་རེའི་རྩོམ་ཡིག་ལ་སྐར་མ་བཀོད་དེ་སྤྱི་བསྡོམས་པས་ལོ་རིམ་རེ་ནས་ཨང་དང་པོ་གཅིག་རེ་དང་། ཨང་གཉིས་པ་གཉིས་རེ། ཨང་གསུམ་པ་གསུམ་རེ་བཅས་སློབ་མ་བཅོ་བརྒྱད་ལ་གཟི་བརྗིད་དཔང་ཡིག་རེ་དང་། ལོ་རྒྱུས་ཀྱི་དཔེ་ཆ། རྩོམ་ཡིག་གི་དཔེ་ཆ། དག་ཡིག་གསར་བསྒྲིགས། ཚངས་སྲས་བཞད་སྒྲ། གུང་གསེང་གི་དཔེ་ཀློག་སོགས་དགའ་རྟགས་སུ་གནང་བ་ཡིན། དེ་དང་ཆབ་ཅིག་ཏུ་རྩོམ་ཡིག་ལེགས་ཤོས་དག་བདམས་ཏེ་རང་སློབ་གྲྭའི་ཞོགས་གླུའི་ཚགས་པར་སྟེང་བཀོད་ནས་ཚད་ལྡན་གྱི་རྩོམ་ཡོན་ཡང་གནང་སྟེ་མ་འོངས་རྩོམ་འབྲིའི་ལམ་དུ་བསྐྱོད་རྒྱུར་སྐུལ་ལྕག་བླ་མེད་བསྩལ།འགྲན་སྡུར་གྱི་མཇུག་འབྲས་ཁྱབ་བསྒྲགས།ཨང་དང་པོ་གསུམ་ཡོད་དེ། རིན་ཆེན་རྡོ་རྗེ། དངོས་གྲུབ་སྒྲོལ་མ། དུང་འགྲུབ་སྒྲོལ་མ་བཅས་རེད།
ཨང་གཉིས་པ་དྲུག་ཡོད་དེ། ཚེ་རིང་ཆོས་སྒྲོན། བུན་ཁྲང་འཚོ། མཁར་མོ་ཐར། ཁོན་ཐར་ཚེ་རིང་། གཡང་མཚོ་སྒྲོལ་མ། འཛོམས་གཡང་སྒྲོལ་མ་བཅས་རེད།
ཨང་གསུམ་པ་དགུ་ཡོད་དེ། རྡོ་རྗེ་སྒྲོལ་མ། མགོན་པོ་སྐྱིད། རིན་ཆེན་འོད་མཚོ། ཁྱུང་སྐྱིད་ཕག་མོ། གཡུ་འབྲུག་མཚོ་མོ། སངས་རྒྱས་མཚོ་མོ། བྱམས་སྐྱིད་འཚོ། ནམ་མཁའ་ཚེ་རིང་། ཀླུ་འཚོ་བྱམས་བཅས་རེད།
རྩོམ་པ་པོ་ཆུང་ཆུང་གི་མིང་ཐོབ་རེག་པའི་སློབ་མ་དག

རྩོམ་པ་པོ་ཆུང་ཆུང་གི་མིང་ཐོབ་རེག་པའི་སློབ་མ་དག
རྩོམ་པ་པོ་ཆུང་ཆུང་གི་མིང་ཐོབ་རེག་པའི་སློབ་མ་དག
གསར་འགྱུར་མཁོ་འདོན་བྱེད་མཁན་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འཇམ་མགོན་སྐྱབས་ཡིན།