༄༅། །ཧོལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་སློབ་མའི་གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-21
ཀློག་གྲངས།:
ཧོལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་ཚན་ཁག་གིས་སྤྱི་ལོ༢༠༢༡ལོའི་ཟླ༡༢བའི་ཚེས༡༣ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང། གནའ་གཏམ་འགྲན་བསྡུར་གྱི་རྟིང་རྩོད་བྱ་འགུལ་ཞིག་ཁག་གཉིས་སུ་བགོས་ཏེ་སྤེལ། ཁག་དང་བོ་སློབ་གྲྭའི་ཚོགས་ཁང་ཆེན་མོ་དང་། ཁག་གཉིས་པ་སློབ་གྲྭའི་ཕབ་གཏོང་ཁང་དུ་སྤེལ།

འགྲན་སྡུར་འདིའི་གོ་རིམ་ནི་ཐོག་མར་འཛིན་གྲྭ་སོ་སོའི་བོད་ཡིག་དགེ་རྒན་རྣམས་ཀྱིས་རང་གི་སློབ་ཁང་དུ་གནའ་གཏམ་བཤད་པའི་འགྲན་སྡུར་སྤེལ་ཏེ་གནའ་གཏམ་བཤད་མཁན་གྱི་འགྲན་ཞུགས་སློབ་མ་གཉིས་རེ་བདམས་ཏེ་འགྲན་སྡུར་དུ་ཞུགས་པ་ཡིན་ལ། ཐེངས་འདིའི་གནའ་གཏམ་འགྲན་བསྡུར་གྱི་རྟིང་རྩོད་ལ་ཞུགས་མཁན་ལོ་རིམ་དང་བོ་ནས་དྲུག་པའི་བར་གྱི་སློབ་གྲོགས༥༦ཡོད་པ་ཚན་སྐོར་གཉིས་སུ་བགོས་ཏེ་འགྲན་སྡུར་བྱས་པ་ཡིན།

ཚན་སྐོར་དང་བོ། ལོ་རིམ་དང་བོ་ནས་གསུམ་པའི་བར་གྱི་འཛིན་གྲྭ་རེ་ནས་འགྲན་ཞུགས་སློབ་མ་གཉིས་རེ་ཞུགས། ཚན་སྐོར་གཉིས་པ། ལོ་རིམ་བཞི་བ་ནས་ལོ་རིམ་དྲུག་པ་བར་གྱི་འཛིན་གྲྭ་རེ་ནས་འགྲན་ཞུགས་སློབ་མ་གཉིས་རེ་ཞུགས། འགྲན་སྡུར་བྱེད་སྐབས་འགྲན་ཞུགས་ཀྱི་སྔ་གཞུག་ལ་ཡུལ་དངོས་ནས་རྒྱན་བླངས་ཏེ་རྒྱན་གྱི་གོ་རིམ་བཞིན་འགྲན་སྡུར་བྱས་པ་དང་། ཐོབ་སྐར་རྩིས་རྒྱག་སྐབས་ཆེས་མཐོ་བའི་སྐར་གྲངས་དང་ཆེས་དམའ་བའི་སྐར་གྲངས་བླངས་རྗེས་གྱི་ཆ་སྙོམས་སྐར་གྲངས་ཀྱི་གྲངས་རིམ་ལྟར་ཨང་རིམ་བཀར་བ་ཡིན།

བྱིས་སྒྲུང་དང་གནའ་གཏམ་ནི་བྱིས་པ་རྣམས་ལེགས་ལམ་དུ་འཁྲིད་པའི་ཞི་འཇམ་གྱི་སློབ་གསོའི་ཐབས་ལམ་ཉག་གཅིག་དང་། བསམ་གཞིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པས། ཐེངས་འདིའི་གནའ་གཏམ་འགྲན་སྡུར་འདི་བརྒྱུད་སློབ་མ་ཚོའི་བསམ་བློའི་ཆུ་ཚད་མཐོར་འདེགས་དང་། གཏམ་བཤད་ཀྱི་སྤོབས་པ་སྦྱོང་བརྡར། བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་ནུས་ཆེན་པོ་ཡོད་པས། རྗེས་ཕྱོགས་ཡང་འདི་ལྟ་བུའི་འགྲན་སྡུར་གྱི་བྱ་འགུལ་སྤེལ་ན་སློབ་མ་ཚོའི་ཕྱོགས་ཡོངས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཕན་ཐོགས་ཆེན་པོ་འདུག

རྒྱལ་ཁའི་འབྲས་བཟང་འཛུམ་པའི་གདོང་ལ་སྨིན།

གནའ་གཏམ་འགྲན་སྡུར་ལས་བྱ་དགའ་ཐོབ་པའི་དཔྱོད་ལྡན་སློབ་བུའི་ཚོགས།
དགེ་རྒན་ནོར་ཁོས་ཐེངས་འདིའི་བྱ་འགུལ་ལ་གནང་བའི་ཤིས་ཚིག
༄༅། །གནའ་མིའི་ངག་རྒྱུན་བྱིས་སྒྲུང་ངོ་མཚར་གཏམ། །
འཆད་ལ་སུ་མཁས་འགྲན་པའི་དཔྱད་བསྡུར་ལས། །
སྨྲ་མཁས་ངག་གི་རྩལ་དང་ལུས་ཀྱི་ཉམས། །
མིག་གི་དགའ་སྟོན་རྣ་བའི་བུ་རམ་ཉིད། །
ཧོལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་ཚན་ཁག་གིས། སློབ་མ་ཚོའི་བསམ་བློའི་ཆུ་ཚད་མཐོར་འདེགས་དང་། གཏམ་བཤད་ཀྱི་སྤོབས་པ་སྦྱོང་བརྡར། བསམ་གཞིག་གི་ནུས་པ་སྐྱེད་སྲིང་བཅས་བྱེད་ཆེད་སློབ་གྲྭའི་སློབ་མ་ཡོངས་ལ་ཁ་གཏད་དེ། གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ་ཆེན་པོ་ཞིག་སྤེལ་བ་གྲོགས་པོ་ཚོའི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་དུ་འགྱུར་བར་སྨོན།
༄༅། །གནའ་མིའི་ངག་རྒྱུན་བྱིས་སྒྲུང་ངོ་མཚར་གཏམ། །
འཆད་ལ་སུ་མཁས་འགྲན་པའི་དཔྱད་བསྡུར་ལས། །
སྨྲ་མཁས་ངག་གི་རྩལ་དང་ལུས་ཀྱི་ཉམས། །
མིག་གི་དགའ་སྟོན་རྣ་བའི་བུ་རམ་ཉིད། །
ཧོལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་ཚན་ཁག་གིས། སློབ་མ་ཚོའི་བསམ་བློའི་ཆུ་ཚད་མཐོར་འདེགས་དང་། གཏམ་བཤད་ཀྱི་སྤོབས་པ་སྦྱོང་བརྡར། བསམ་གཞིག་གི་ནུས་པ་སྐྱེད་སྲིང་བཅས་བྱེད་ཆེད་སློབ་གྲྭའི་སློབ་མ་ཡོངས་ལ་ཁ་གཏད་དེ། གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ་ཆེན་པོ་ཞིག་སྤེལ་བ་གྲོགས་པོ་ཚོའི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་དུ་འགྱུར་བར་སྨོན།
འཕྲིན་གཏོང་བ། དགེ་རྒན་གྲགས་ལྡན་སྐྱབས།
འབྲེལ་ཡོད་འོས་སྦྱོར།