logo

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་སྒོ་ཕྱེས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-07-12 ཀློག་གྲངས།:
        ཟླ7པའི་ཚེས8ཉིན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་སྒོ་འབྱེད་མཛད་སྒོ་ལྷ་ས་རུ་བསྡུས་པ་རེད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི6.5དང་ཉར་ཚགས་དངོས་པོ་ཁྲི52ལྷག་ཡོད་ལ། དེའི་ནང་རྩ་ཆེའི་རིག་དངོས་ཁྲི4ལྷག་ཡོད་པ་དེ་ནི་བོད་ལྗོངས་ཀྱི་བསྟན་བཅོས་དང་། འགྲེམས་སྟོན། ཞིབ་འཇུག སློབ་གསོ། ཞབས་ཞུ་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་འབའ་ཞིག་རེད།
        2017ལོའི་ཟླ10པར། བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་སྤྱི་པའི་རིག་གནས་ཀྱི་དམངས་ཕན་ལས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། འགྲེམས་ཁང་གསར་པ་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་པ་དང་། རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར6.6བཏང་བ་རེད།
བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་ཡོད་པའི་རིག་དངོས།
བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་ཡོད་པའི་རིག་དངོས།
བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་ཡོད་པའི་རིག་དངོས།
འབྲེལ་ཡོད་འོས་སྦྱོར།