མཚོ་ལྷོ་ཁུལ་གྱི་སྒྱུ་རྩལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བྲག་དཀར་རྫོང་དུ་སྤེལ་འགོ་ཚུགས།
རྩོམ་པ་པོ།:འདི་ག་རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-07-27
ཀློག་གྲངས།:

ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ་བ་དང་རིག་རྩལ་གྱི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་ལ་སྔར་ལས་ཤུགས་སྣོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། “ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། ལམ་བུ་གསར་པར་རྒྱང་བསྐྱོད་བྱེད”ཅེས་པ་བརྗོད་དོན་ཡིན་པའི་མཚོ་ལྷོ་ཁུལ་གྱི་སྒྱུ་རྩལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་དེ་ཟླ་འདིའི་ཚེས26ཉིན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་སྤེལ་འགོ་ཚུགས། ཐེངས་འདིའི་གསོ་སྦྱོང་ནི་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་གྱིས་སྒྲུབ་པ་དང། རྫོང་ཁག་སོ་སོ་ནས་ཕེབས་པའི་རྩོམ་པ་པོ་དང་པར་ལེན་པ། བྲིས་པ་སོགས་ཚོགས་མི་བཞི་བཅུ་ལྷག་གསོ་སྦྱོང་ལ་ཞུགས་ཡོད།

དགེ་རྒན་ཆེན་མོ་ལིའུ་ཞའོ་ལེན་གྱིས་འཆད་ཁྲིད་བྱེད་བཞིན་པ།
གསོ་སྦྱོང་སྟེང«བོད་ཀྱི་དམངས་སྲོལ་རིག་གནས»དུས་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་དང་རྩོམ་སྒྲིག་འགན་ཁུར་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གདན་ཞུའི་དགེ་རྒན་མཁའ་འབུམ་ལགས་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན་དང་མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གསང་བདག་ལགས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རིག་རྩལ་དཔྱད་བརྗོད་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའུ་ཞའོ་ལེན་སོགས་ཆེད་མཁས་པ་དྲུག་ལྷག་གདན་འདྲེན་བྱས་ནས་འཆད་ཁྲིད་གནང་རྒྱུ་རེད།

དགེ་རྒན་གསང་བདག་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

དགེ་རྒན་མཁའ་འབུམ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ད་ཐེངས་ཀྱི་གསོ་སྦྱོང་གི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་རྩོམ་རིག་བློ་སྦྱོང་དང་པར་ལེན་ཤེས་བྱ། བོད་ཀྱི་སྲོལ་རྒྱུན་རོལ་མོའི་འཕེལ་རྒྱས་ཀྱི་གནས་བབ་དང་ལྷག་པའི་གནད་དོན། བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ད་ལྟའི་གནས་བབ་དང་རྒྱུན་འཛིན་སྲུང་སྐྱོབ་སྐོར། ཡིག་གཟིགས་དང་བརྙན་རིས་སྒྲིག་སྦྱོར་སོགས་ཤེས་བྱ་སྣ་མང་ཕུན་སུམ་ཚོགས། དེ་མིན་ཆུ་སྔོན་གྲོང་རྡལ་དང་གསེར་ཐང་དུ་སོང་སྟེ་ཡུལ་དངོས་སློབ་ཁྲིད་དང་རྒྱུ་ཆ་འཚོལ་ཞིབ་བཅས་ཀྱི་བྱ་འགུལ་ཀྱང་བཀོད་སྒྲིག་བྱས་ཡོད་པས་ཐེངས་འདིའི་གསོ་སྦྱོང་གི་ནང་དོན་སྣ་མང་ཕུན་སུམ་ཚོགས། སློབ་སྦྱོང་དང་ལག་ལེན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་རང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་བྱ་གཞག་གོང་དུ་སྤེལ་བའི་དཔུང་སྡེའི་རྒྱ་ཇེ་ཆེ་དང་ཇེ་བརྟན། གསར་རྩོམ་གྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་ནུས་ཤུགས་བླ་མེད་བཏོན་ཡོད།

གསོ་སྦྱོང་ཡུལ་དངོས།

གསོ་སྦྱོང་ཡུལ་དངོས།

གསོ་སྦྱོང་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།