རང་ཁུལ་གྱིས«དེང་རབས་རྒྱ་ཡིག་ཚིག་མཛོད»(རྒྱ་བོད་ཐ་སྙད་ཤན་སྦྱར)བཀྲམས་པའི་མཛད་སྒོ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཚགས་པར།
དུས་ཚོད།:2022-08-08
ཀློག་གྲངས།:
ཉེ་སྔོན། རང་ཁུལ་གྱིས«དེང་རབས་རྒྱ་ཡིག་ཚིག་མཛོད»(རྒྱ་བོད་ཐ་སྙད་ཤན་སྦྱར)བཀྲམས་པའི་མཛད་སྒོ་བསྡུས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལན་ཧྲེང་ཧྥུང་མཛད་སྒོར་ཞུགས་ཏེ་གཏམ་བཤད་གནང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ཆབ་ཆར་སྡོད་པའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན། རྫོང་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ། རྫོང་གསར་འཛུགས་གཞུང་དོན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན། དེ་མིན་སློབ་གྲྭ་ཁ་ཤས་ཀྱི་དགེ་སློབ་དང་ཆོས་ལུགས་ལས་རིགས་སྡེ་ཡི་འཐུས་མི་ཁག་ཅིག་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།

མཛད་སྒོའི་སྟེང་ལན་ཧྲེང་ཧྥུང་གིས་ནན་གྱིས་བསྟན་དོན། རང་ཁུལ་ནི་བོད་འབྲེལ་ས་ཁུལ་ཞིག་ཡིན་པའི་ཐད་ནས«ཚིག་མཛོད»ཀྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པའི་བརྒྱུད་རིམ་ཧྲིལ་པོར་ཞབས་འདེགས་ལེགས་པོར་བསྒྲུབ་སྟེ། མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ལ་ཚད་མཐོའི་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏང་དགོས། ཚད་ལྡན་གྱི་ཚིག་མཛོད་འདི་བརྒྱུད་དེ་བོད་འབྲེལ་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བའི་བྱ་བའི་ཆུ་ཚད་དང་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཀྲུང་ཧྭའི་མི་རིགས་སོ་སོའི་སྐད་ཡིག་རིག་གནས་ཕན་ཚུན་བསྒྱུར་རེས་དང་ཕན་ཚུན་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་བྱ་དགོས། «ཚིག་མཛོད»འདིའི་དབང་ཐང་རང་བཞིན་དང་དུས་རབས་རང་བཞིན། འཐུས་ཚང་རང་བཞིན་དང་བཀོལ་སྤྱོད་རང་བཞིན་བཅས་འདོན་སྤེལ་བྱས་ཏེ། འཆམ་མཐུན་གྱི་སྡོད་ཁུལ་བསྐྲུན་པ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ། མིའི་བར་གྱི་འབྲེལ་འདྲིས་ཇེ་བཟང་ཏུ་གཏོང་བ། ཞབས་ཞུ་ཞིབ་ཕྲ་བཅས་ཡིན་པའི་སྤྱི་ཚོགས་དོ་དམ་དྲ་རྒྱ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱས་ཏེ། ཐུན་མོང་གིས་མི་རིགས་མཐུན་སྒྲིལ་ཡིན་པའི་འཆམ་མཐུན་གྱི་ཁྱིམ་གཞིས་ཤིག་བསྐྲུན་དགོས།

རྒྱ་བོད་ཐ་སྙད་བསྡུར་བའི་མ་དཔེ་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས་བོད་རྒྱ་ཡིག་རིགས་གཉིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་ཡིག་སྒྱུར་བྱེད་པའི་ཡོ་བྱད་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད་པར་མ་ཟད། མི་རིགས་ཕན་ཚུན་འབྲེལ་འདྲིས་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

འབྲེལ་ཡོད་འོས་སྦྱོར།