བྲག་དཀར་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གིས་སློབ་མ་ཡོངས་ལ་བསླབ་དེབ་གསར་བ་བྱིན།
རྩོམ་པ་པོ།:དཀོན་མཆོག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-16
ཀློག་གྲངས།:
མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་པྲོག་གསར་ནད་དུག་གི་ཉེན་ཁ་ཆེ་བའི་སྐབས་འདིར། ཏང་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་གནས་སྐབས་སུ་སློབ་གྲྭ་འཚོག་པའི་དུས་ཚོད་ཕྱིར་བསྣུར་མི་བྱེད་ཐབས་མེད་བྱུང་སོང་། དེ་བས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་ལྷོ་ཁུལ་དང་ཞིན་ཧེ་རྫོང་སློབ་གསོ་སྡེ་ཁག་གིས་བཀྲམས་པའི"སློབ་གྲྭ་འཚོག་མཚམས་བཞག་ཀྱང་སློབ་ཁྲིད་མཚམས་མི་འཇོག"པའི་ཡིག་ཆའི་དགོངས་དོན་ལྟར། རང་རེའི་སློབ་གྲྭས་ཀྱང་སྤྱི་ལོ2022ཟླ9བའི་ཚེས4ཉིན་ནས་བཟུང་དྲ་ལམ་ནས་སློབ་ཁྲིད་བྱེད་མགོ་བརྩམས་པ་ཡིན་ལ། སློབ་བུ་ཚང་མའི་སློབ་དེབ་གསར་བ་ལག་ཏུ་འབྱོར་ཐུབ་པར་འགན་ལེན་བྱ་ཆེད། ཟླ9པའི་ཚེས12དང13ཉིན་སློབ་སྐབས་གསར་པའི་བསླབ་དེབ་གསར་བ་གྲ་སྒྲིག་བྱས་ཏེ་ལུང་བཟང་ཤང་དང་འབྲོང་ཐུལ་ཤང་སོགས་ཤང་གྲོང་ཁག་གི་སློབ་མ་སྟོང་གཅིག་ལྔ་བརྒྱ་ལྷག་ལ་དངོས་སུ་བསྐྱལ་བ་དང་། རྒྱ་ཆེ་བའི་ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་དང་གདེང་འཇོག་ཐོབ།

བསླབ་དེབ་གསར་པ་ཤང་གྲོང་སོ་སོར་བསྐྱལ་རྒྱུར་གྲ་སྒྲིག་བྱེད་བཞིན་པ།

བསླབ་དེབ་གསར་པ་ཤང་གྲོང་སོ་སོར་བསྐྱལ་རྒྱུར་གྲ་སྒྲིག་བྱེད་བཞིན་པ།

བསླབ་དེབ་གསར་པ་ཁྱིམ་བདག་དང་སློབ་མའི་ལག་ཏུ་འབྱོར་བ།

བསླབ་དེབ་གསར་པ་ཁྱིམ་བདག་དང་སློབ་མའི་ལག་ཏུ་འབྱོར་བ།
འཕྲིན་གཏོང་བ། དཀོན་མཆོག
འབྲེལ་ཡོད་འོས་སྦྱོར།