logo

མཚོ་ལྷོ་ཁུལ་དུ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིའི་སྒོ་བྱང་བཀལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-09 ཀློག་གྲངས།:
       ཟླ3ཚེས7ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཟློས་གར་ཚོགས་པའམ་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པར་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཟློས་གར་ཚོགས་པའམ་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་གེ་སར་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན་བཅས་ཀྱི་ཐད་གྲུབ་འབྲས་བླ་མེད་བླངས་ཡོད་ཅིང་། དེ་ལས་ཧོར་གླིང་གཡུལ་འགྱེད་དང་འཇང་ཕྲུག་སོགས་གེ་སར་རིག་གནས་མང་པོ་འཁྲབ་སྟོན་བྱས་མྱོང་།
       རྗེས་མར་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་མཚོ་ལྷོ་ཁུལ་གྱི་རྔམས་མཐུག་པའི་རིག་གནས་ལ་རྐང་ཚུགས་པར་བྱེད་པ་དང་། ཤེས་ཡོན་པའི་ནུས་པ་དང་དཔུང་སྡེའི་སྟོབས་ཤུགས་བཏོན་ནས་གེ་སར་རིག་གནས་ཀྱི་རྟགས་མཚན་འཛུགས་སྐྲུན་གང་ལེགས་བྱ་རྒྱུ་དང་། རིག་གནས་ཐོན་རྫས་སྒྱུ་རྩལ་འཆར་འགོད་ཞིབ་ཚགས་དང་གསར་རྩོམ་བྱས་ཏེ་མཚོ་སྔོན་གྱི་གེ་སར་རིག་གནས་དར་སྤེལ་དང་མཚོ་ལྷོའི་གཏམ་རྒྱུད་བརྗོད་པ། ཁྱད་ལྡན་རིག་གནས་བརྒྱུད་སྤེལ་བྱས་ཏེ། རང་ས་གནས་ཀྱི་ཡུལ་བསྐོར་རིག་གནས་ཉམས་གསོའི་འཕེལ་རྒྱས་ཐད་བྱས་རྗེས་གསར་པ་འཇོག་པར་ཡིད་ཆེས་ཀྱིས་ཁེངས་ཡོད།
       མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དབང་ཆེན་ཚེ་རིང་གིས་བཤད་རྒྱུར། “མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ལོ་མང་པོའི་རིང་ལ་གེ་སར་སྒྲུང་གི་མྱུར་སྐྱོབ་དང་སྔོག་འདོན། རྒྱུན་འཛིན་དར་སྤེལ་བྱེད་པའི་ཐད་ལ་བྱ་བ་མང་པོ་ཞིག་སྒྲུབ་པ་དང་། གཙོ་བོ་དམངས་ཁྲོད་དུ་གནས་པའི་གེ་སར་སྒྲུང་གི་རྒྱུ་ཆ་དང་པོ་དང་ཐོག་མ་དེ་སྔོན་འདོན་བྱས་ནས་དེར་ཞིབ་འཇུག་དང་དག་སྒྲིག་གི་བྱ་བ་སྒྲུབ་མྱོང་ཞིང་། ལས་དོན་འདི་སྒྲུབ་པའི་གོ་རིམ་ཁྲོད་དུ་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་ལ་མཚོན་ན་ལོ་མང་པོའི་རིང་གེ་སར་རིག་གནས་སྲུང་སྐྱོབ་བྱས་པའི་ཐད་བྱས་རྗེས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་གེ་སར་རིག་གནས་ཀྱི་གླུ་གར་རིག་གནས་ཐད་བྱས་རྗེས་ཆེན་པོ་བཞག་འདུག དཔེར་ན། འཇང་ཕྲུག་དང་ཧོར་གླིང་ཧོར་འགྱེད། རྒྱལ་ཚ་ལ་སོགས་པ་འཁྲབ་སྟོན་བྱས་ཏེ་ཟློས་གར་ཆེན་པོ་འཁྲབ་བཞེངས་བྱས་ཡོད་པས་གེ་སར་གྱི་གླུ་གར་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་བྱས་རྗེས་ཆེན་པོ་བཞག་འདུག དེའི་རྐྱེན་གྱིས་གེ་སར་རིག་གནས་ཀྱི་རྒྱུན་འཛིན་རྟེན་གཞི་ཞིག་བཙུགས་ཏེ་མ་འོངས་པ་ན་ད་དུང་གེ་སར་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་བའི་ཚུལ་དུ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིའི་སྒོ་བྱང་འདི་བཀལ་བ་ཡིན”ཞེས་བཤད།
རྒྱུན་འཛིན་དང་གྲུབ་འབྲས་ཀྱི་དཔེ་མཚོན།
འབྲེལ་ཡོད་འོས་སྦྱོར།