བསོད་ནམས་ཚེ་རིང་གི་བརྩམས་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་འཕྲིན་གསར།
དུས་ཚོད།:2023-04-04
ཀློག་གྲངས།:

བགྲོ་གླེང་ཚོགས་རའི་ཡུལ་དངོས།
ཟླ4བའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། ཞིང་ཆེན་རིག་གནས་དཔྱད་འདེམས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་འཁུར་བའི་བསོད་ནམས་ཚེ་རིང་གི་བརྩམས་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་བགྲོ་གླེང་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད། མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡུས་རུང་གིས་བགྲོ་གླེང་ཚོགས་འདུར་གཙོ་སྐྱོང་གནང་།

མེ་སྒྲོན་གྱིས་གཏམ་བཤད་གནང་བཞིན་པ།
མེ་སྒྲོན་གྱིས་གཏམ་བཤད་ཁྲོད། དུས་རབས་གསར་པར་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྩོམ་རིག་སྒྱུ་རྩལ་བྱ་བའི་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བཟུང་ནས་མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། གསར་རྩོམ་གྱི་ལྟེ་བའི་ལྷུ་ཚིགས་ལ་དམ་པོར་དམིགས་ཤིང་། བརྗོད་དོན་གསར་རྩོམ་དང་སྤུས་དག་གསར་རྩོམ་སྒྲིག་འཛུགས་དང་སྣེ་ཁྲིད་ལ་ཤུགས་བསྣན་ནས་རྩོམ་རིག་གསར་རྩོམ་གྱི་འཆར་འགོད་འཕེལ་རྒྱས་ལས་གཞི་མཚོན་བྱེད་ཡིན་པའི་འདེགས་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། མཚོ་སྔོན་གྱིས་བཙན་སའི་རྩོམ་རིག་ནས་རྩོམ་རིག་གི་བཙན་སའི་བར་མཆོང་སྐྱོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། བསོད་ནམས་ཚེ་རིང་གིས་ལོ་རྒྱུས་ཀྱི་དུས་མཚམས་འདིར་ཁོང་ཞིང་ཆེན་ནང་ཁུལ་ནས་རྒྱལ་ཡོངས་དང་། མཚན་སྙན་མེད་པ་ནས་བྱ་དགའ་ཐོབ་པའི་རང་ཉིད་ཚད་བརྒལ་བྱེད་པ་མངོན་འགྱུར་བྱུང་ཡོད། མཚོ་སྔོན་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཐོག་མ་ཡིན་པའི་ངོས་ནས་བརྗོད་ན། ཁོང་གི་སྐུལ་གཏོང་གི་དོན་སྙིང་ལྡན་པའི་རྩོམ་རིག་གི་འཚར་ལོངས་བརྒྱུད་རིམ་ཡིན་ནའང་འདྲ། ཡང་ན་ཁོང་ལ་བྱ་དགའ་ཐོབ་པ་དེས་མཚོ་སྔོན་གྱི་རྩོམ་རིག་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན་ན་འདྲ། གང་ལྟར་ཚང་མས་དོ་ཁུར་ཆེན་པོ་དང་གྲོས་བསྡུར་ཚ་རླབས་ཤིག་འཕྱུར་ཡོད། སྣང་ཚུལ་དེ་རིགས་རྒྱ་ཇེ་ཆེ་དང་རྒྱུན་ཇེ་རིང་དུ་སྲིང་ཐུབ་དགོས་ངེས་ཟེར།

བསོདནམས་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
བགྲོ་གླེང་སྟེང་དུ། ཚོགས་ཞུགས་དཔྱད་བརྗོད་མཁན་གྱིས་བསོད་ནམས་ཚེ་རིང་གི་ལོ་མང་རིང་གི་རྩོམ་རིག་གསར་རྩོམ་གྱི་ལོ་རྒྱུས་དང་གསར་རྩོམ་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། དཔྱད་བརྗོད་མཁན་ཚོས་བསོད་ནམས་ཚེ་རིང་གི་འཚོ་བའི་བརྒྱུད་རིམ་དང་བརྩམས་སྒྲུང་གསར་རྩོམ་གྱི་ཁྱད་ཆོས་ལ་དམིགས་ནས། ཞིབ་ཕྲའི་བརྩམས་ཆོས་རེ་རེ་ནས་བསོད་ནམས་ཚེ་རིང་གི་བརྩམས་སྒྲུང་གསར་རྩོམ་གྱི་དུས་མཚམས་རེ་རེ་ཡི་འགྱུར་ལྡོག་སོགས་ལ་བགྲོ་གླེང་བྱས། བསོད་ནམས་ཚེ་རིང་གིས་ཐེངས་འདིའི་ཚོགས་འདུ་གཙོ་སྒྲུབ་བྱེད་མཁན་དང་འགན་སྒྲུབ་འཁུར་མཁན་སོགས་ལ་ཐུགས་རྗེ་ཆེ་ཞུས་པར་མ་ཟད། རང་ཉིད་ཀྱི་གསར་རྩོམ་དང་ཟུང་འབྲེལ་བྱས་ནས་གཏམ་ཡང་བཤད།

ཚོགས་ཞུགས་མཉམ་པར།
འབྲེལ་ཡོད་འོས་སྦྱོར།