logo

མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྐུལ་སྤེལ་ཚོགས་འདུ་རང་ཁུལ་དུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2023-04-10 ཀློག་གྲངས།:
       ཟླ4བའི་ཚེས8ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྐུལ་སྤེལ་ཚོགས་འདུ་རང་ཁུལ་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཤིས་ཚིག་ཕུལ་ཞིང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་ཚོགས་འདུར་ཞུགས།
       ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བཟང་བོ་བྱེད་པ་ནི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རང་ཁུལ་དུ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་འཐད་པ་བྱུང་བའི་མཆན་བཀོད་བཀའ་ལན་གྱི་རེ་བ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་གནས་ཚུལ་དང་མཐུན་པའི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་སྙིང་དང་དམ་པོར་སྦྲེལ་ཏེ། ལས་འགན་གཙོ་བོ་མྱུར་དུ་དངོས་འབེབས་བྱས་ནས། མདོ་དབུས་མཐོ་སྒང་དང་ཐ་ན་འཛམ་གླིང་གི་རིགས་འདྲ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་དུ་གཏོང་ཆོག་པ། དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱེད་དགོས།
       ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀུན་གྱི་མདུན་གྲས་སུ་བསྐྱོད་པ་དང་དཔེ་སྟོན་གྱི་ནུས་པ་འདོན་སྐབས། རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུ། རྩྭ་དང་བྱེ་མ་སོགས་ཀྱི་ཁོངས་གཏོགས་བཅོས་སྐྱོང་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་རྩྭ་ས་དང་ནགས་ཚལ། ཆུ་རྒྱུན་དང་མཚེའུ། བརླན་ས་བཅས་སྐྱེ་འཕེལ་འབྱུང་བར་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བཟང་བོ་བྱེད་དགོས་ཤིང་། ཆུའི་མགོ་ཁུངས་ལེགས་བཅོས་བྱེད་པའི་ནུས་པ་དང་སྐྱེ་ཁམས་ཁོངས་གཏོགས་ཀྱི་ཐེག་ཤུགས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། སྐྱེ་ཁམས་ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀུན་གྱི་མདུན་གྲས་སུ་བསྐྱོད་པ་དང་དཔེ་སྟོན་གྱི་ནུས་པ་འདོན་སྐབས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ས་ཁུལ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ། གཞི་གྲངས་ཆེན་པོའི་ཐོན་ལས་རྟེན་གཞིའི་ལྗང་མདོག་འཕེལ་རྒྱས། མཐུན་སྦྱོར་འཕེལ་རྒྱས་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། གོང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་སྐྲུན་སྣེ་ཁྲིད་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀུན་གྱི་མདུན་གྲས་སུ་བསྐྱོད་པ་དང་དཔེ་སྟོན་གྱི་ནུས་པ་འདོན་སྐབས། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་ཆེ་བའི་ཤུགས་ཚད། སྔར་ལས་བཟང་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཁྱད་ལྡན་གསར་སྐྲུན་སྟེགས་བུ་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། ཚན་རྩལ་གསར་སྐྲུན་ཞབས་ཞུ་ལེགས་སྒྱུར་བྱེད་པ། ཚན་རྩལ་གསར་སྐྲུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། སྲིད་ཇུས་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པར་བྱས་ནས། ཚན་རྩལ་གསར་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་ཚིས་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་ཀུན་གྱི་མདུན་གྲས་སུ་བསྐྱོད་པ་དང་དཔེ་སྟོན་གྱི་ནུས་པ་འདོན་སྐབས། ཁྱད་སྟོབས་བཟང་བོ་འདོན་སྤེལ་བྱེད་པ་དང་། ཏན་ཏིག་སྒོས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ལ། ཤུགས་ཆེན་པོས་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། རྒྱུན་མཐུད་སྒོས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་ལེགས་སྒྱུར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། དམངས་ཚིས་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་ནུས་ཤུགས་གང་ཡོད་འདོན་དགོས།
       ཝུའུ་ཞའོ་ཅུན་གྱིས་ཕྱོགས་སོ་སོའི་འགན་འཁྲི་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། ཤར་ནུབ་རྒྱུད་རོགས་ལས་དང་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱེད་པ། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་སོགས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་འདོམས་མཉམ་འབྲེལ་དང་གཞོགས་འདེགས་རོགས་ལས། ཕན་ཚུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པའི་རེ་བ་བཏོན།
       ཚོགས་ཐོག་ནས་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་དྲིལ་སྒྲོག་བརྙན་རིས་ལ་བལྟས་ཤིང་། ཚན་རྩལ་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་འཐད་པ་བྱུང་བའི་མཆན་བཀོད་བཀའ་ལན་སྒྲོག་འདོན་བྱས་པ་དང་། མཚོ་ལྷོ་ཁུལ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གསར་སྐྲུན་དཔེ་སྟོན་ཁུལ་གྱི་བྱ་བའི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་ལ། ཞིང་ཆེན་ཚན་རྩལ་ཐིན་གྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།
       རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་དང་། ཆོག་མཆན་ཐོབ་པའི་གསར་སྐྲུན་དཔེ་སྟོན་ཁུལ་གྱི་འཐུབ་མི། ཁ་གཏད་རོགས་སྐྱོར་ལས་ཁུངས་དང་དངུལ་རྩའི་ལས་ཁུངས། ཚོང་འགུག་དངུལ་འདྲེན་ཁེ་ལས་ཀྱི་འཐུས་མི། ཞིང་ཆེན་མགོ་ཁྲིད་ཚན་ཁག་གི་ཁོངས་གཏོགས་ལས་ཁུངས། འབྲེལ་ཡོད་ཡོན་ཧྲི་དང་ཆེད་མཁས་པ། མཐོ་རིམ་སློབ་གྲྭ། དེ་མིན་ཚན་ཞིབ་གླིང་བཅས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས།
འབྲེལ་ཡོད་འོས་སྦྱོར།