མཚོ་ལྷོ་ཁུལ་དུ«རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ»བོད་ཡིག་པར་མའི་དཔེ་སྦྱིན་མཛད་སྒོ་བསྡུས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-13
ཀློག་གྲངས།:
མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས«རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ»བོད་ཡིག་པར་མའི་དཔེ་སྦྱིན་མཛད་སྒོ་བསྡུས།

ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད3གྱི་སྟེང་། «ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ»པོད་གསུམ་པའི་བོད་ཡིག་པར་མ་དང«དེང་རབས་རྒྱ་ཡིག་ཚིག་མཛོད»(རྒྱ་བོད་ཐ་སྙད་ཤན་སྦྱར་པར་མ)དཔེ་སྦྱིན་མཛད་སྒོ་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སུ་བསྡུས་པ་དང་། མཚོ་ལྷོ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་སློབ་གསོ་ཅུའུ། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཚགས་པར་ཁང་། དེ་མིན་རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་འགན་ཁུར་བ་དང་འཐུས་ཚབ་པ་རྣམས་དཔེ་སྦྱིན་གནང་བའི་མཛད་སྒོར་ཞུགས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་རྡོ་རྗེ་སྒྲོལ་མས་མགོ་འཛིན་བྱས་ཤིང་ཀྲུའུ་རེན་རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་གནང་།

ཀྲུའུ་རེན་རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་གནང་བཞིན་པ།
ཀྲུའུ་རེན་རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐབས་འདིར། བྱེད་སྒོ་འདི་འདྲ་ཞིག་སྤེལ་བར་དམིགས་བསལ་གྱི་དོན་སྙིང་ལྡན་དེ། རང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པར་ཕན་འབྲས་དམིགས་བསལ་ཐོན་ཐུབ་པར་མ་ཟད། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་རྟོགས་པ་དང་། འདུ་ཤེས་བཞི་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ལག་ལེན་ལ་ཁྲིད་སྟོན་དང་ལས་ཀར་སྐུལ་འདེད་བཅས་བྱ་ཐུབ།

འབྲེལ་ཡོད་ལས་ཁུངས་ཁག་ལ་དཔེ་སྦྱིན་གནང་བཞིན་པ།
གཞན་ཡང་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་། སྨྱན་སྦྱོར་སྡེ་ཁག རྫོང་ཁག་གི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་གོམ་གང་མདུན་སྤོས་ཀྱིས་དེབ་འདི་གཉིས་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་འགན་འཁྲི་འཁུར་དགོས་ལ། དེ་མིན་བརྩམས་ཆོས་དེབ་གཉིས་ལེགས་པར་ཀློག་པ་དང་སློབ་སྦྱོང་ཡག་པོ་བྱེད་པ། ཚད་ལྡན་བེད་སྤྱོད་ཡག་པོ་བཅས་བྱེད་པའི་ཐད་འབད་འབུངས་བྱེད་དགོས་པར་མ་ཟད། ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཤེས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རང་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གལ་ཆེའི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། བོད་རིགས་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྐད་ལ་སློབ་སྦྱོང་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པར་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་དགོས་པར་ཤུགས་སྣོན་གང་ལེགས་བྱེད་དགོས་པ་བསྟན།

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།