མཚོ་ལྷོ་ཁུལ་གྱིས་ཆོས་ལོག་ངོ་རྒོལ་བྱེད་པའི་ཉེན་བརྡའི་སློབ་གསོའི་བྱ་འགུལ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-04-26
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས་སྐབས་ལྔ་པའི4.19ཆོས་ལོག་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་གི་ཉིན་མོའི་བྱ་འགུལ་དང་སྡེ་བ་རིམ་པ་ནས་ཆོས་ལོག་ལ་ངོ་རྒོད་བྱེད་པའི་ཉེན་བརྡའི་སློབ་གསོའི་བྱ་འགུལསྤེལ།
ཉེ་ཆར། རང་ཁུལ་གྱི་སྐབས་ལྔ་བའི4.19ཉིན་མོའི་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་གི་བྱ་འགུལ་དང་སྡེ་བ་རིམ་པ་ནས་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་ཉེན་བརྡའི་སློབ་གསོའི་བྱ་འགུལ་དེ་ཐེ་གེ་ཡུལ་ཚོའི་ཆི་ཐེ་སྡེ་བ་ནས་མགོ་བརྩམས།

ཁུལ་སྤྱི་བདེ་ཅུའི་ཅུའུ་ཀྲང་གཞོན་པ་བང་ཅིན་ཅུང་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་པད་མ་དོན་གྲུབ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུའི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། ཐེ་གེ་ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་དང་། སྡེ་བའི་ཨུ་ཡོན་གཉིས་དང་རྒྱ་ཆེ་མང་ཚོགས་སོགས་མི150ལྷག་བྱ་འགུལ་སྟེང་ཞུགས།

བྱ་འགུལ་སྐབས། ཆོས་ལོག་ལ་ངོ་རྒོལ་བྱེད་པའི་ཉེན་བརྡའི་སློབ་གསོའི་པར་གཞི་དང་། ཆེད་དོན་ཤེས་བྱ་འཆད་ཁྲིད། ཆོས་ལོག་ལ་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་ལག་དེབ་སྟེར་བ། བློ་འདྲི་སྟེགས་བུ་སྐྲུན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆོས་ལོག་གི་ངོ་བོ་དང་། རིགས་དབྱེ། གནོད་འཚེ་སོགས་དྲིལ་སྒྲོག་བྱས་པར་མ་ཟད། དཔེ་མཚོན་གྱོད་དཔེ་དྲངས་ཏེ། མང་ཚོགས་ལ་ཆོས་ལོག་རྩ་འཛུགས་ཀྱིས་ཆོས་ལུགས་ཀྱི་མིང་ཐོག་ནས་མགོ་སྐོར་གཏོང་བ་དང་། གཡོ་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་རྒྱུ་ནོར་གཡོ་ལེན་བྱེད་པ་སོགས་དྲིལ་སྒྲོག་གནད་ལ་འཁེལ་བ་ཞིག་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཆོས་ལོག་ལ་ཡིད་ཆེས་བྱེད་མི་རུང་པའི་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཞག་སོང་། ཐེངས་འདིའི་དྲིལ་སྒྲོག་གི་བྱ་འགུལ་ཁྲོད། འཕྲེད་འགེལ་ཡིག་བྱང10དང་། དྲིལ་སྒྲོག་འགྲེམ་པང20། ཆོས་ལོག་ལ་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་གི་དཔྱད་ཡིག800ལྷག་ཙམ་བྱིན།
ཐེངས་འདིའི་དྲིལ་སྒྲོག་གི་བྱ་འགུལ་སྤེལ་བ་བརྒྱུད། མང་ཚོགས་རྣམས་ཀྱིས་རྗེས་ཕྱོགས་རང་དཔེ་གཞན་སྟོན་གྱི་སྒོ་ནས་ཆོས་ལོག་ལ་ངོ་རྒོལ་བྱས་ཏེ། ཆོས་ལོག་དྲིལ་སྒྲོག་གི་རྗེས་སུ་མི་འབྲངས་པ་དང་། ཆོས་ལོག་གི་བརྙན་རིས་ལ་མི་བལྟ་བ། ཆོས་ལོག་དྲིལ་སྒྲོག་མི་བྱེད་པར། ཐུན་མོང་གིས་ཆོས་ལོག་ལ་ངོ་རྒོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་སུ་འཇུག་དགོས་པ་བསྟན།
འབྲེལ་ཡོད་འོས་སྦྱོར།