logo

རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་གཅིག་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-17 ཀློག་གྲངས།:
       འགྱིག་རྡེའུ། དཀར་རམ་ནག རྡེའུ་བརྒྱ་དང་གོ་དྲུག་གི་འཆར་འགོད་དང་རིག་པའི་གཙུབ་བརྡར་ལས། རྣམ་རིག་གིས་བཞེངས་པའི་ཚོམས་ཆེན་ཞིག་གྲུབ་ཡོད། མི་ལོ་སྟོང་ཕྲག་དུ་མར། བོད་འགྱིག་གི་རྣམ་ཤེས་གངས་རིའི་ལྗོངས་སུ་ཐིམ་ཡོད་ལ། འགྱིག་རྡེའུ་དང་འགྱིག་རྡེའུ་ཡི་བར་སྟོང་གིས་ས་སྒང་རིལ་མོའི་རྩ་ཁྲག་དམ་དུ་སྦྲེལ་ཡོད། འདི་ནི་རྨ་ཆུ་དང་འབྲི་ཆུས་གསོས་པའི་དག་ཞིང་ཞིག་ཡིན་ལ། འདི་ནི་འགྱིག་གཞོང་དང་འགྱིག་རྩལ་ལས་མངོན་པའི་མི་ཚེའི་རྣམ་འགྱུར་ཏེ། ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་ཤེས་རབ་ཀྱི་སྒོ་མོ་འཚོལ་བའི་སྙིང་རུས་ཤིག་གོ །འགྱིག་པས་མིག་ཟུང་མདུན་གྱི་རྡེའུ་ལ་ཕྱོགས་ཀྱང་། རིག་པའི་ཕུགས་བྱུས་རྒྱང་རིང་ལ་གཏད་ཡོད་པས། འདི་ནི་མཚན་སྙན་དང་བསྡོངས་པའི་ཚད་མཐོའི་འགྲན་སྡུར་ཞིག་ཡིན།
       རྔ་བ་རྫོང་ནི་སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་བོད་འགྱིག་གི་ཕ་ས་ཡིན་པ་དང2021ལོར་བོད་འགྱིག་དེ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་ལྔ་པར་ཁྱབ་བསྒྲགས་བྱས། ཐེངས་འདིའི་འགྲན་བསྡུར་ནང་དུ་ཡང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་བོད་འགྱིག་པ་གྲགས་ཅན190ལྷག་ཙམ་ཞུགལས་རྒྱུ་ཡིན་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་བོད་འགྱིག་རིག་གནས་ཀྱི་བྱེད་སྒོ་འདིས་རྔ་བའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོ་འདོན་ཐུབ།
       གནའ་བོའི་དམངས་ཁྲོད་ནས་དར་བའི་བོད་འགྱིག་རིག་གནས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མི་ཚོགས་ལ་སྤྲོ་དགའ་གནང་ཐུབ་པའི་རྩེད་མོ་ཞིག་ཡིན་ལ། དེ་ནི་ཀྲུང་གོའི་སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་རྩལ་འགྲན་རོལ་རྩེད་ཅིག་ཡིན་པས། སྤྱི་ཚོགས་ཁྲོད་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ལ་གདོད་མའི་སྐྱེ་ཁམས་ཀྱི་གསོན་ཤུགས་འཕེལ་ཡོད། ད་སྐབས། རྔ་བ་རྫོང་གི་བོད་འགྱིག་ལ་སྐད་གྲགས་ཆེ་ཞིང་། རྒྱུན་འཛིན་བྱེད་སྟངས་ལ་ཁྱིམ་རྒྱུད་རྒྱུན་འཛིན་དང་དགེ་སློབ་རྒྱུན་འཛིན། ཚོགས་སྤྱིའི་རྒྱུན་འཛིན་བཅས་ཡོད་པ་རེད། བོད་འགྱིག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དེ་ནི་མང་ཚོགས་ཀྱི་ལས་ཞོར་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། དམངས་ཡོངས་ཀྱི་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུར་གལ་ཆེ་ལ་དོན་སྙིང་ཟབ་མོ་ལྡན་ཡོད།

ཡོང་ཁུངས། རྔ་སྒྲ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།