logo

རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་གཅིག་པ་ཚོགས་མགོ་ཚུགས།

རྩོམ་པ་པོ།: ཡོང་ཁུངས།:གནས་མཆོག་རྔ་བ། དུས་ཚོད།:2023-05-23 ཀློག་གྲངས།:
རྔ་བ་རྫོང་གི2023ལོའི་བློ་རིག་འགྲན་པའི་དོ་ར། དཀར་ནག་རྡེའུ་རོལ་རྩེད་ཅེས་པའི་རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་གཅིག་པ་ཚོགས་མགོ་ཚུགས།
 
       ཟླ5ཚེས21ཉིན། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཡུན་ནན། ནང་སོག་སོགས་ནས་ཡོང་བའི་འགྱིག་བ190ལྷག་བོད་འགྱིག་གི་ཕ་ས་རུ་འབོད་པའི་རྔ་བ་རྫོང་དུ་འཛོམས་ཏེ། བློ་རིག་འགྲན་པའི་དོ་ར། དཀར་ནག་རྡེའུ་རོལ་རྩེད་ཅེས་པའི་རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་གཅིག་པ་ལ་བཞུགས། ཀྲུང་གོའི་གཡུལ་འགྱིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་སི་ཁྲོན་ཞིང་ཆེན་འགྱིག་རིགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཏཱ་ཆིན་གྱིས་འགྲན་སྡུར་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། རྔ་བ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་མཛད་སྒོར་ཞུགས།
       བོད་འགྱིག་ནི་རོལ་རྩེད་དང་རང་གཅུན་བློ་སྦྱོང་གི་ནུས་པ་ལྡན་པའི་བྱེད་སྒོ་ཞིག་ཡིན་ཕྱིར། མང་ཚོགས་ཁྲོད་དུ་ཁྱབ་རྒྱ་ཆེ་ཞིང་བོད་རིགས་མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་དང་ཞུམ་མེད་ཀྱི་སྙིངས་སྟོབས། བོད་ཀྱི་རིག་གནས་ཀྱི་དཀྱེལ་ཡངས་བའི་ཁྱད་ཆོས་གང་མང་མཚོན་ཡོད་པ་མ་ཟད། ཀྲུང་ཧྭ་རིག་གནས་མཐུན་སྦྱོར་གྱི་གྲུབ་ཆ་ཞིག་ཀྱང་ཡིན། འགྲན་ཚོགས་འདི་མིག་སྔར་རྒྱལ་ཡོངས་སུ་གཞི་ཁྱོན་ཆེས་ཆེ་བའི་བོད་འགྱིག་འགྲན་སྡུར་ཡིན་པས། ད་སྔ་འགྲན་སྡུར་སྐབས་བཅུ་སྤེལ་ཡོད། བོད་འགྱིག་ལ་དགའ་བའི་མི་སྣ་དག་གི་འགྱིག་རྩལ་ངོམས་ས་དང་བློ་བསྐྱེད་ཐོབ་སའི་འགྲན་ཚོགས་ཤིག་ཏུ་ཆགས་ཡོད།
       བོད་ལྗོངས་ནས་ཕེབས་པའི་འགྲན་ཞུགས་པ་བསོད་ནམས་དར་རྒྱས་ཀྱིས་བཤད་རྒྱུར། ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཐུབ་པར་སེམས་པ་དགའ་བས་ཁེངས་ཡོད། ཐེངས་འདིའི་འགྲན་སྡུར་གྱིས་ང་ལ་ལྟ་རྒྱ་ཡངས་བོ་ཞིག་བསྐྱེད་པའི་རེ་བ་ཡོད་པར་མ་ཟད། འདི་ཚོགས་འགྱིག་བ་རྣམས་ཀྱིས་རང་གི་བློ་དང་རིག་པ། འཇོན་དང་ནུས་པ་འདོན་ཐུབ་རྒྱུའི་རེ་བ་ཡང་ཡོད། མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པར་འཇོག་པའི་རྣམ་འགྱུར་གྱིས་འགྲན་སྡུར་ལ་ཞུགས་པ་དང་དཀར་ནག་འགྱིག་གི་རྩེད་འཇོ་ལ་རོལ་བཞིན། འགྱིག་གྲོགས་སྔར་ལས་མང་པོ་ཞིག་སྒྲིག་ཐུབ་པས་སེམས་པ་དགའ་བ་དང་སྤྲོ་བས་ཁེངས་ཡོད།
       བོད་འགྱིག་ལ་རྩེད་མོའི་ཁྱད་ཆོས་འཛོམས་ཤིང་འགྱིག་བའི་འགྱིག་རྩལ་སྟོང་དང་ལྡན། དུས་ཡུན་རིང་བོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། བོད་འགྱིག་ལ་ཀྲུང་ཧྭ་མི་རིགས་ཀྱི་སེམས་ཁམས་དང་ཀུན་སྤྱོད། སྙིང་རུས། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་འདུས་ཡོད་པས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་ལུས་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། རྔ་བ་རྫོང་ཨུ་དང་རྔ་བ་རྫོང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་དོན་འཁྱོལ་དང་། མི་རིགས་རིག་གནས་བརྗེ་ལེན་མཐུན་འདྲེས་སྐུལ་འདེད་གཏོང་རྒྱུ་དེ་རིག་གནས་གདེང་ཚོད་ཇེ་ཡོད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཡིད་ལ་དམ་པོར་བཅངས་བའི་འདྲེན་དངོས་གལ་ཆེན་ཞིག་ཡིན་པས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན་ཟབ་མོ་བྱས་ཏེ་བོད་འགྱིག་ཚབ་མཚོན་དུ་གྱུར་བའི་མི་རིགས་རིག་གནས་དང་ལུས་རྩལ་གྱི་བྱ་གཞག་གེགས་མེད་དར་ཞིང་རྒྱས་བར་བྱས། 2021ལོར། རྔ་བ་རྫོང་གི་བོད་འགྱིག་སྐོར་ཐེངས་ལྔ་བའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་ཚུད་ཅིང་། སི་ཁྲིན་ཞིང་ཆེན་གྱི་དམངས་ཁྲོད་རིག་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་བསྩལ།
       ཀྲུང་གོའི་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་ཀྱི་རིག་པའི་ལུས་རྩལ་ཨུ་ལྷན་ཁང་གི་འགན་འཛིན་པ་དབྱི་ཞའོ་ལིན་གྱིས་བཤད་རྒྱུར། ད་ཐེངས་ང་ཚོའི་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་ཀྱི་རིག་པའི་ལུས་རྩལ་ཨུ་ལྷན་ཁང་ཚུགས་རྗེས་ཀྱི་རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་ལ་ཞུགས་པའི་ས་ཚིགས་དང་པོ་ཡིན། སྐབས་འདིའི་བོད་འགྱིག་འགྲན་སྡུར་གྱིས་མགོ་ཡག་པོ་ཞིག་བརྩམས་ཡོད། ང་ཚོས་མ་འོངས་པར་ཁྱབ་གདལ་དང་དྲིལ་སྒྲོག་གཙོ་བོ་བྱས་ཏེ་ང་ཚོའི་བོད་འགྱིག་འདི་གྲངས་ཉུང་མི་རིགས་དང་ཀྲུང་གོ་ཡོངས་སུ་ཤུགས་རྐྱེན་སྔར་ལས་ཆེ་ཞིང་ལེགས་པ་ཞིག་འབྱུང་དུ་འཇུག་རྒྱུ་ཡིན།
       རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་བོད་འགྱིག་འགྲན་ཚོགས་འདི་འཚོགས་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་དང་བླངས་བྱེད་རྒྱུ་ཙམ་མིན་པར། ཁྱབ་སྤེལ་གྱི་གཞི་རྒྱ་ཆེ་རུ་གཏོང་བ་དང་ཤུགས་རྐྱེན་ཆེ་རུ་གཏོང་བའི་སྦྱོར་བ་དངོས། རྔ་བ་རྫོང་གི་བོད་འགྱིག་སྲུང་སྐྱོབ་དང་དར་སྤེལ། རྒྱུན་འཛིན་ལ་བྱས་པའི་གཟིགས་ཞིབ་ཐེངས་གཅིག་ཀྱང་ཡིན།
       ཀྲུང་གོའི་གཡུལ་འགྱིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་སི་ཁྲོན་ཞིང་ཆེན་འགྱིག་རིགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཏཱ་ཆིན་གྱིས་བཤད་རྒྱུར། རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་གཅིག་པ་འཚོགས་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་དམངས་ཡོངས་ལུས་སྦྱོང་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ཏུ་ལེན་པའི་བྱེད་ཐབས་གལ་ཆེན་ཞིག བོད་འགྱིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བོད་འགྱིག་རིག་གནས་ལུས་རྩལ་འགྲན་ཚོགས་ཁྲོད་དུ་གོམ་ཆེན་སྤོ་བར་དོན་སྙིང་གལ་ཆེན་ལྡན་པའི་འགྲན་ཚོགས་ཤིག་ཀྱང་ཡིན།
       རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་སྡུར་ཉིན4ལ་སྤེལ་རྒྱུ་ཡིན་པ་དང་། གཅིག་ཕམ་བླང་དོར་གྱི་འགྲན་སྡུར་སྒྲིག་ལམ་སྤྱད་ཡོད།
འབྲེལ་ཡོད་འོས་སྦྱོར།