མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་མཐུན་ཚོགས་བཙུགས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-06-20
ཀློག་གྲངས།:
ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཤིང་། དེ་ནི་མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་མཐུན་ཚོགས་དངོས་སུ་བཙུགས་པའི་རྟགས་མཚན་ཡིན།

མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གཏོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་ཆབས་ཅིག ཞིང་ཆེན་ནང་ཁུལ་གྱི་རང་བྱུང་རྩོམ་རིག་གསར་རྩོམ་ལ་རྣམ་པ་གསར་རྐྱང་ཞིག་བཏོད་དེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གསོན་ཉམས་ལག་ལེན་དང་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པའི་བརྩམས་ཆོས་རྒྱུན་ཆད་མེད་པར་ཐོན་ཡོད།
ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་འོག མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་རྩོམ་རིག་མཐུན་ཚོགས་བཙུགས་པ་དེས་ཕྱོགས་སོ་སོའི་སྟོབས་ཤུགས་སྔར་ལས་གཅིག་སྒྲིལ་དང་། རང་བྱུང་རྩོམ་རིག་གསར་རྩོམ་གཡུལ་ས་གསར་གཏོད། རང་བྱུང་རྩོམ་རིག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད། མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་གལ་ཆེན་དང་སྐྱེ་ཁམས་རིག་གནས་ཀྱི་སྤུས་ཀ་གང་ལེགས་བཅས་མངོན་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པར་ཕན་ནུས་བཏོན།

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་བསྟན་དོན། རྩོམ་པ་པོ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་ཕུགས་བསམ་བརྟན་སྲུང་དང་བརྩེ་སེམས་བརྟན་སྲུང་གིས“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྒྱུད་སྤེལ་ཧུར་ཐག་བྱས་ནས། སྐྱེ་ཁམས་ཀུན་སྤྱོད་སྐྱེད་སྲིང་དང་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བའི་རེ་བ་ཡོད། དེ་དང་ཆབས་ཅིག་ཏུ། བརྩམས་ཆོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་རྩོམ་རིག་གི་སྤུས་དག་མང་པོ་ཐོན་པ་དེ་རང་ཉིད་ཀྱི་འོས་འགན་དང་དོན་གཉེར་བྱ་ཡུལ་དུ་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རླབས་ཆེའི་ལག་ལེན་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མི་སེམས་འགུལ་བའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས། རང་བྱུང་སྐྱེ་ཁམས་མཛེས་པ། སྤྱི་ཚོགས་ཀྱི་ཁྱིམ་གཞིས་མཛེས་པ། མི་གཤིས་མཛེས་པ་བཅས་ཀྱི་ཞི་མཐུན་གྱི་རྣམ་པ་གསར་པ་གཏོད་དགོས་ཟེར།
འབྲེལ་ཡོད་འོས་སྦྱོར།