logo

༄༅། །སེ་འབྲུ་མཐུན་སྒྲིལ་མེ་ཏོག་མཚར་སྡུག་གི་ཚྭ་འདམ་གཞོང་དུ་རྣམ་པར་བཞད།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-06-20 ཀློག་གྲངས།:
       ཉེ་ཆར། མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་སོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བཞེངས་སྐྲུན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སོག་བོད་མི་རིགས་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་དང་རིག་གནས་སྒྱུ་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དུ་སྤེལ།
གྱེར་འདོན་བྱེད་བཞིན་པ།
ཡིག་གཟུགས་འགྲན་བསྡུར་གྱི་ཡུལ་དངོས།
       བྱེད་སྒོའི་སྐབས་སུ། མཚོ་ནུབ་ཁུལ་གྱི་ས་ཆ་སོ་སོ་ནས་ཡོང་བའི་སློབ་མ109མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དུ་འཛོམས་ཏེ་བྱེད་སྒོའི་འགྲན་བསྡུར་སོ་སོར་ཞུགས། བྱེད་སྒོ་ལ་སོག་བོད་ཀྱི་མི་རིགས་སྐད་ཡིག་གི་སྙན་ངག་གྱེར་འདོན་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་གཉིས་སུ་ཕྱེས་ཤིང་། འགྲན་ཞུགས་པ་ཚོས་སྔོན་འགྲོའི་རྒྱབ་ལྗོངས་རོལ་དབྱངས་ཀྱིས་གཞོགས་འདེགས་འོག བརྩེ་སེམས་དང་ངར་སེམས་གཅིག་ཏུ་སྦྲེལ་ཞིང་། བརྩེ་དུངས་ཀྱིས་ཕྱུག་པའི་སྙན་ངག་གི་ནང་དོན་རེ་རེ་གསོན་ཉམས་ལྡན་པའི་སྒོ་ནས་ངག་གི་དབྱངས་འགྲོས་སུ་ཕབ་སྟེ་གསལ་དག་སྙན་གསུམ་གྱིས་གྱེར་འདོན་སྒྱུ་རྩལ་དང་མི་རིགས་སྐད་ཡིག་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བསྟན་ཞིང་། དུས་རབས་འཕེལ་རྒྱས་ཁྲོད་མི་རིགས་བསྐྱར་དར་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་དྲང་ནུས་ཀྱི་བརྩེ་དུང་མཚོན་པར་བྱས། ཡིག་གཟུགས་འགྲན་བསྡུར་ཁྲོད་འགྲན་ཞུགས་པ་ཚོས་སོག་པོ་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སློབ་མ་རང་ཉིད་བྲིས་རིས་སྒྱུ་རྩལ་གང་ལ་དགའ་བའི་ཁྱད་ཆོས་དང་ཡིག་གཟུགས་རྒྱུད་པ་རྒྱུན་འཛིན་བྱས་པའི་ཁྱད་ཆོས་ལྟར་བྲིས་གཟུགས་སྣ་ཚོགས་ཚུལ་དང་མཐུན་པའི་སྒོ་ནས་ཤོག་བུར་ཕབ་ཅིང་མི་རིགས་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་ལ་ལང་ཚོའི་གཟི་བྱིན་ངོམ་ཞིང་དགའ་མོས་ཀྱི་སྙིང་སྟོབས་མངོན། འགྲན་ཞུགས་སློབ་མ་རྣམས་ཀྱིས་བརྩེ་དུང་ལྡན་པའི་སྙན་ངག་གྱེར་འདོན་དང་སྒྱུ་རྩལ་གྱིས་ཕྱུག་པའི་ཡིག་གཟུགས་ལམ་ནས་ཏང་དང་མེས་རྒྱལ་ལ་དགའ་ཞེན་དང་། མི་རིགས་མཐུན་སྒྲིལ་དང་རིག་གནས་ཀྱི་དྲང་ནུས་ཁྱབ་སྤེལ་བཏང་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཕུལ་བྱུང་སྙན་ངག་གྱེར་འདོན་དང་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་དག་གིས་མི་རིགས་རིག་གནས་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་གསོན་ཤུགས་དང་སྐྱེ་སྟོབས་གསར་བ་བསྣན།
དཔྱད་འདེམས་དགེ་རྒན་དག
ཡིད་སེམས་ཅིག་ཅར་འཕྲོག་པའི་ལྟད་མོ་བའི་ཚོགས།
       དུས་ཡུན་ཉིན་གཉིས་ལྷག་རིང་གི་རིག་གནས་སྒྱུ་རྩལ་འགྲན་ཚོགས་ལས་འགྲན་ཞུགས་སློབ་མ་ཚོས་རང་གི་བསླབ་པ་སློབ་གཉེར་གཞན་ལ་བརྗེ་རེས་དང་གཞན་གྱི་ཤེས་བྱ་གསར་བ་དང་ཉམས་མྱོང་གསར་བ་རང་གིས་བསྡུ་ལེན་བྱས་ཤིང་། བོད་སོག་མི་རིགས་ཀྱི་རླབས་ཆེ་ལ་འོད་སྟོང་འབར་བའི་གནའ་དེང་ཤེས་རིག་མཉམ་འདྲེས་མཉམ་སྤྱོད་ངང་རིག་གནས་སྒྱུ་རྩལ་གྱི་གསོན་སྟོན་ལ་རོལ། འགྲན་སྡུར་སྐབས་སུ་སློབ་གྲྭ་སོ་སོའི་འགྲན་ཞུགས་སློབ་མ་དང་མཛུབ་སྟོན་དགེ་རྒན་གྱིས་རང་རང་གི་འཇོན་ཐང་གར་སྟེགས་སུ་ཁྱེར་ཡོང་སྟེ་སྙན་ངག་གྱེར་འདོན་དང་ཡིག་གཟུགས་རི་མོར་ཕབ་པ་ལས་གཞན་ད་དུང་མི་རིགས་རང་གི་རུས་རྐང་དུ་ཟུག་ཡོད་པའི་གླུ་དང་གར་གྱི་ལེགས་སྐྱེས་ཀྱི་མཆོད་པ་ཕུལ་ཏེ་ཡུལ་དངོས་ཀྱི་དགེ་སློབ་དང་ལས་བྱེད་མི་སྣ་ཡོངས་ལ་རིག་རྩལ་གྱི་གསོལ་སྟོན་བཤམས།
བྱ་དགའ་གནང་བའི་དགོང་ཚོགས་སྟེང་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
རང་གི་འཇོན་ཐང་ལས་བྱུང་པའི་གྲུབ་འབྲས་མངོན་བཞིན་པ།
       རིག་གནས་སྒྱུ་རྩལ་འགྲན་ཚོགས་མཇུག་བསྡུས་པའི་རྗེས་སུ་བྱ་དགའ་སྟེར་བའི་དགོང་ཚོགས་བསྡུས་ཤིང་། དགོང་ཚོགས་སྟེང་རིག་རྩལ་འཁྲབ་སྟོན་དང་སྙན་ངག་གྱེར་འདོན། བྱ་དགའ་སྟེར་བ་སོགས་ཀྱི་རྣམ་པའི་ལམ་ནས་ངོ་མཚར་བའི་རིག་རྩལ་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ལ། འཁྲབ་སྟོན་ཚོམས་ཆེན་དུ་གདན་ཞུའི་འགོ་ཁྲིད་དང་སྐུ་མགྲོན། ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་དང་འགྲན་ཞུགས་པ་དང་ལས་བྱེད་མི་སྣ་ཆིག་སྟོང་ལྷག་གིས་སྤྲོ་སེམས་འཁོལ་བའི་ངང་ནས་རིག་རྩལ་འཁྲབ་སྟོན་དང་བྱ་དགའ་ཐོབ་པའི་མི་སྣ་དང་ལས་ཁུངས་ལ་རྟེན་འབྲེལ་ཞུས་ཤིང་སྤྲོ་སེམས་ཀྱི་ཐལ་སྒྲ་ཡུལ་དངོས་ཧྲིལ་པོར་ཁྱབ།
ཕུལ་བྱུང་རྩ་འཛུགས་པའི་སྡེ་ལ་དྲིན་གཟོའི་དཔང་ཡིག་གནང་བཞིན་པ།
ཕུལ་བྱུང་འགྲན་ཞུགས་པར་བྱ་དགའ་གནང་བ།
ཕུལ་བྱུང་འགྲན་ཞུགས་པར་བྱ་དགའ་གནང་བ།
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཏེ་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་རིག་མེད་ན། ཁྱད་ཆོས་ལྡན་པའི་ཀྲུང་གོ་ཡོད་མི་སྲིད་ལ། རིག་གནས་དར་རྒྱས་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་དགོས་པ་དང་། རིག་གནས་ལ་བརྟེན་ནས་མི་རིགས་སྟོབས་ཆེར་གཏོང་དགོས་ཞེས་གསུངས་ཤིང་། ཐེངས་མང་པོར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྟོག་ཞིབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་རང་གི་རིག་གནས་ལ་ཡིད་ཆེས་ཡོད་པའི་འབྱུང་ཁུངས་གཏིང་ཇེ་ཟབ་ཏུ་བཏང་། ཐེངས་འདིའི་བྱེད་སྒོའི་ནང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། མི་རིགས་ཁག་བར་འགྲོ་འོང་དང་མཉམ་འདྲེས། སྤེལ་རེས་བཅས་བྱེད་པར་སྐུལ་འདེད་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།
དགོང་ཚོགས་སུ་ཕེབས་པའི་འབྲེལ་ཡོད་དབུ་ཁྲིད་གཙོའི་ཚོགས་ཞུགས་པ་ཡོངས་ཀྱིས་མཇུག་མཐའི་མཉམ་པར།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།