logo

༄༅། །རྒྱུད་ཀྱི་གད་སྙིགས་རིག་པས་རྒུམ། །ཡུལ་གྱི་གད་སྙིགས་ལག་པས་འཐུ། །

རྩོམ་པ་པོ།: ཡོང་ཁུངས།:བྲག་དཀར་རྫོང་མི་རིགས་ཆ་ཚང་སློབ་འབྲིང་། དུས་ཚོད།:2023-06-20 ཀློག་གྲངས།:
རྩྭ་དང་རྩི་ཤིང་རེ་རེས་རི་ཆུའི་མཛེས་ལྗོངས་གྲུབ། བློ་རྩེ་གཅིག་ཏུ་སྒྲིལ་ནས་སྐྱེ་ཁམས་དཔལ་ཡོན་སྐྲུན།
 
ཡུལ་གྱི་ཁོར་ཡུག་མཛེས་པས་སེམས་པ་སྐྱིད། །དགེ་སློབ་དགའ་བས་མྱོས་པས་ཉི་ཟླ་དགོད། །
       མཐའ་ཡས་པའི་རང་བྱུང་ཁམས་ནི་ང་ཚོའི་མ་ཡུམ་ཡིན་པའི་འདུ་ཤེས་གཞིར་བཟུང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་དང་། སློབ་རའི་སློབ་མ་དག་གིས་རང་བྱུང་ཁམས་ལ་བཟུང་བའི་འདུ་ཤེས་དང་། ཕ་ཡུལ་ལ་དགའ་བའི་འདུན་པ་སྐྱེད་སྲིང་བྱ་སླད། བྲག་དཀར་རྫོང་མི་རིགས་ཆ་ཚང་སློབ་འབྲིང་ལོ་རིམ་དགུ་བའི་དགེ་སློབ་དྲུག་བརྒྱ་བཞི་བཅུ་ལྷག་མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ལ་ཕྱིན་ཏེ་རྒྱུད་ཀྱི་གད་སྙིགས་རིག་པས་རྒུམ། །ཡུལ་གྱི་གད་སྙིགས་ལག་པས་འཐུ་བའི་བྱེད་སྒོ་སྤེལ། འདི་ནི་སློབ་མས་སློབ་དེབ་ལས་བརྒལ་ཏེ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐེངས་ཤིག་ཀྱང་ཡིན། འདི་ནི་སློབ་གྲྭ་དེས་ས་གནས་སྲིད་གཞུང་དང་རྫོང་སློབ་གསོ་ཅུའུ་བཅས་ཀྱི་ཆོག་མཆན་འོག་ཕྲེང་བསྟར་དུ་སྒྲུབ་ཀྱིན་པའི་སློབ་སྦྱོང་གི་རྣམ་པ་ཞིག་ཡིན་ལ། དེང་གི་ཁྲིད་ཐབས་གསར་བའི་ཁ་ཕྱོགས་གཞིར་བཟུང་བའི་བྱེད་སྒོ་ཐེངས་ཤིག་ཀྱང་རེད།
སྣོད་བཅུད་ཕྱུག་མོ་གསེར་གྱི་གཞོང་པ་ཡིན། །ང་ཚོས་སྤྱོད་གཙང་ཆབ་ཀྱིས་ཡང་ཡང་བཀྲུ། །
ཕ་ས་ཕྱུག་མོས་ང་ཚོའི་ལང་ཚོ་སྐྱོང་། །ང་ཚོས་ཕ་སའི་འབྱུང་བཞིར་གཙང་དག་བྱེད། །
གད་སྙིགས་རྒུམ་པས་ཁོར་ཡུག་གཙང་ཞིང་མཛེས། །རི་ཆུ་བཞད་པས་སྣང་བ་དྭངས་ཤིང་སྐྱིད། །
དགེ་སློབ་ཐུན་མོང་འདུས་པའི་བྱེད་སྒོ་འདིས། །སློབ་གསོའི་ཀ་བ་སྔར་ལས་བརྟན་དུ་བཏང་། །
འབྲེལ་ཡོད་འོས་སྦྱོར།