logo

2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་ཟླ6པའི་ཚེས26ཉིན་མགོ་རྩོམ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2023-06-25 ཀློག་གྲངས།:
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཕན་འབྲས་འཛམ་གླིང་ལ་འགྲེམ་སྟོན་བྱས་ནས། མཚོ་སྔོན་གྱིས་ཕྱི་ཕྱོགས་ལ་ཐེབས་པའི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། མཚོ་སྔོན་པོའི་སྙན་ངག་དུས་ཆེན་དེ་ཟླ6པའི་ཚེས26ནས་ཚེས29ཉིན་བར་འཚོག་རྒྱུ་རེད།
       ཐེངས་འདིའི་སྙན་ངག་དུས་ཆེན་གྱིས“གོ་ལ་ཧྲིལ་བོའི་སྐྱེ་ཁམས་བརྗོད་ཁོངས་ཀྱི་སྙན་ངག་རྩོམ་འབྲི་དང་སྙན་ངག་པའི་རིན་ཐང་ལྟ་བ”བརྗོད་དོན་དུ་བཟུང་སྟེ། སྙན་ངག་བསྡུ་སྒྲིག་གསར་གཏོད་ཀྱིས་དམངས་ཡོངས་བྱེད་སྒོའི་ཁྲོད་ཞུགས་སུ་འཇུག་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པས་མཚོ་སྔོན་གྱི་ཡུལ་དངོས་སུ་གྲོས་ཞིབ་དང་འཚོལ་སྡུད་བརྒྱུད། ས་གནས་དེ་གའི་མང་ཚོགས་ལ་བརྗེ་རེས་སྒོས་སྙན་ངག་སྒྱུ་རྩལ་གྱི་རྣམ་པས་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་བྱས་རྗེས་དང་། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གསོན་ཉམས་ལག་ལེན་མངོན་པར་བྱས་ཏེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོ་དང་མཚོ་སྔོན་གྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་རིག་གནས་ཡུལ་སྐོར་གྲགས་ཅན་གྱི་ཞིང་ཆེན་འཛུགས་པར་རོགས་འདེགས་བྱ་རྒྱུ་ཡིན་པར་མ་ཟད། སྙན་ངག་དང་རྒྱལ་སྤྱི་མཉམ་འདྲེས་ཐུབ་པ་བྱས་ནས་སྙན་ངག་གི་ཁོར་ཡུག་དང་སྙན་ངག་གི་སེམས་པ་གཅིག་ཏུ་སྦྲེལ་ཏེ། མཚོ་སྔོན་པོའི་སྙན་ངག་དུས་ཆེན་གྱི་ཕྱོགས་བསྡུས་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྙན་ངག་དང་མང་ཚོགས་མཉམ་འདྲེས་ཐུབ་པ་བྱས་ནས་མང་ཚོགས་ཟབ་ཞུགས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། མཚོ་སྔོན་པོའི་སྙན་ངག་དུས་ཆེན་དེ་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ་དང་མཚོ་སྔོན་མི་དམངས་ཀྱིས་སྙན་ངག་སྒྱུ་རྩལ་མཉམ་སྤྱོད་ཐུབ་པའི་རིག་གནས་ཀྱི་གསོལ་སྟོན་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་། མཚོ་སྔོན་པོའི་སྙན་ངག་ཐང་ཆེན་བཅས་སུ་སྤེལ་རྒྱུ་ཡིན་ལ། དེའི་རིང་མགོ་རྩོམ་དང་བྱ་དགའ་སྤྲོད་པའི་མཛད་སྒོ། བརྗོད་དོན་བགྲོ་གླེང་ཚོགས་འདུ། སྙན་ངག་གྱེར་འདོན། བརྗོད་དོན་རྩོམ་རིག་གསར་རྩོམ་སོགས་ཕྲེང་བསྟར་བྱེད་སྒོ་མང་པོ་འདུག
       ཐེངས་འདིའི་སྙན་ངག་དུས་ཆེན་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་སྙན་ངག་དུས་དེབ་ཁང་། ཀྲུང་གོའི་སྙན་ངག་སློབ་ཚོགས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གུང་མཚོ་བྱང་ཁུལ་ཨུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་གོའི་སྙན་ངག་དྲ་བ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། མཚོ་བྱང་ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཀྲུང་གུང་རྐང་ཚ་རྫོང་ཨུ། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། རྒྱལ་སྤྱིའི་སྙན་ངག་དང་ཨ་རག་རིག་གནས་ཚོགས་ཆེན་བཅས་ཀྱིས་འགན་སྒྲུབ་བྱས་པ་རེད།
       མཚོ་སྔོན་པོའི་སྙན་ངག་དུས་ཆེན་ནི་མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་ཐོག་བཏོད་པའི་རིག་གནས་ཀྱི་ཆས་རྟགས་ཤིག་ཡིན། མཚོ་སྔོན་པོའི་སྙན་ངག་དུས་ཆེན་གྱིས་སྙན་ངག་སོགས་རྩོམ་རིག་གི་རྣམ་པ་ཡིས་མཚོ་སྔོན་མི་རིགས་སོ་སོའི་འབད་འབུངས་ཡར་བརྩོན་གྱི་དུས་རབས་སྙིང་སྟོབས་གང་ལེགས་སྒོས་མཚོན་ཡོད་ལ། མཚོ་སྔོན་གྱི་རྒྱུན་རིང་ཞིང་གྱ་ནོམ་པའི་ལོ་རྒྱུས་རིག་གནས་གསལ་འགྲེལ་བྱས་ཏེ། མཚོ་སྔོན་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བས། སྙན་ངག་དུས་ཆེན་གྱི་བྱེད་སྒོ་གྲགས་ཅན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།