logo

བོད་འབྲེལ་སྨྱན་སྦྱོར་གྱི་བཅར་འདྲིའི་བྱེད་སྒོ་ཆེན་མོ་ཞིག་འགོ་ཚུགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-06-26 ཀློག་གྲངས།:
       སྤྱི་ཚེས༢༥ཉིན་གྱི་སྔ་དྲོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་དང་། སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་མི་རིགས་འཕྲིན་ལམ། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་ཆེད་དོན་བཅར་འདྲི་ཚོགས་པའི་རྡོག་ཐོན་མཛད་སྒོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུ་གྲོང་ཁྱེར་དུ་འཚོགས་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་ཆེད་དོན་བཅར་འདྲིའི་དམིགས་ཡུལ་ནི་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་འབྲེལ་ཁུལ་དང་རྫོང་ཁག་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་རྣམ་པ་གསར་པ་དང་། ཉམས་འགྱུར་གསར་པ། དེ་བཞིན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་ཤང་གྲོང་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་གང་ལེགས་མངོན་པར་བྱ་རྒྱུ་དང་ཆབས་གཅིག་ཆེད་དོན་བཅར་འདྲི་ཚོགས་ཆུང་གིས་བོད་འབྲེལ་ཁུལ་དང་རྫོང་ཁག་ཏུ་བསྐྱོད་དེ་སྤྱི་ཡོངས་སྨྱན་སྦྱོར་གྱི་རྣམ་པའི་ཐོག་ནས་ས་གནས་དེ་དག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་མང་པོའི་འཕེལ་རྒྱས་གསར་པ་དང་ཉམས་སྣང་གསར་པར་རྒྱུས་ལོན་དང་དེ་དག་སྒྲ་པར་ཡིག་བརྙན་ལམ་ནས་མཚོན་པར་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།