2023ལོའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱ་འགུལ་གཅན་ཚ་རྫོང་དུ་གཟབ་རྒྱས་ངང་མགོ་ཚུགས་པ།
རྩོམ་པ་པོ།:
ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-06-27
ཀློག་གྲངས།:

ཟླ6པའི་ཚེས25ཉིན། 2023ལོའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱ་འགུལ་གཅན་ཚ་རྫོང“གཡང་མདའ”ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་ཚོགས་མགོ་ཚུགས།

ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཁུལ་གྱིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཤར་ལྷོའི་འགག་སྒོ”གཏོད་པའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། རིག་གནས་རྒྱུན་འཛིན་དང་། རིག་དངོས་སྲུང་སྐྱོབ། རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་སྡོམ་འགོད་སྒོས་སྐུལ་འདེད་བཏང་བས། “ཀྲུང་གོའི་ཤུགས་རྐྱེན་ཆེས་ཆེ་བའི་རིག་གནས་ཡུལ་སྐོར་དམིགས་སར”བདམས་པ་རེད། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལོའང་ཡིན། “གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་བསྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱ་འགུལ་བསྒྲུབས་པ་བརྒྱུད། ལོ་ངོ70ཡི་རིང་ཏང་གི་མགོ་ཁྲིད་འོག་རྨ་ལྷོར་བྱུང་བའི་འགྱུར་ལྡོག་ཆེན་པོ་གསོན་ཉམས་དོད་པོས་མངོན་པ་དང་། “རབ་མཛེས་མཚོ་སྔོན”དང་། “ངོ་མཚར་རྨ་ལྷོ” “མཚར་མཛེས་གཅན་ཚ”བཅས་ཀྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་མངོན་སྟོན་གང་ལེགས་བྱས་ལ། རྨ་ལྷོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པོར་བཤད་པས། འགྲན་སྡུར་བྱ་འགུལ་དེ་མི་རིགས་རིག་གནས་དར་སྤེལ་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་དང་། མདའ་རྩལ་ལ་བརྟེན་ནས་མཛའ་བརྩེ་དམ་ཟབ་དང་། མཉམ་འབྲེལ་སྟོབས་སྣོན་བྱེད་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་བསྒྲུབས་ཐུབ་ཡོད།

“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་བསྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱ་འགུལ་དེ་ཀྲུང་གོ་མདའ་རྩལ་མཐུན་ཚོགས་དང་། ཞིང་ཆེན་ལུས་རྩལ་ཅུས། ཁུལ་མི་དམངས་སྲིད་གཞུང་། ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་དང་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་གནང་བ་རེད། སྐབས་འདིའི་འགྲན་སྡུར་དེ་ཟླ6པའི་ཚེས25ནས29ཉིན་བར་སྤེལ་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་འཐུས་ཚབ་རུ་ཁག115ཡི་ལུས་རྩལ་པ1589སྲོལ་རྒྱུན་གྱི་ར་གཞུ་དང་། གཞུ་འཁོར་ལོ་མ། གཞུ་ལེབ། སྲོལ་རྒྱུན་གཞུ་མོ་བཅས་རྣམ་གྲངས་བཞི་ཡི་རྩོད་འགྲན་ལ་ཞུགས་རྒྱུ་རེད། མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ་ཡུལ་སྣང་གླུ་གར«བྱིས་པའི་སེམས་པ་ཏང་ལ་ཕྱོགས»ཞེས་པའི་ཁྲོད་མགོ་བརྩམས་པ་དང་། འཁྲབ་སྟོན་ཡོངས་ལ«དུས་རབས་གསར་པར་ངར་སྐྱོད་བྱེད»དང་། «གཡང་མདའ་འཕུར་སྐྱོད» «འཆམ་མཐུན་གྱི་ཁྱིམ་གཞིས»བཅས་ལེ་ཚན་གསུམ་དུ་དབྱེ་ཡོད། མི་ཁྲི1.2ཀྱིས་ཡུལ་དངོས་ནས་འཁྲབ་སྟོན་ལ་བལྟས་པ་དང་། མི་ཁྲི190.6གིས་ཐད་གཏོང་བརྒྱུད་ནས་མགོ་རྩོམ་མཛད་སྒོ་ལ་བལྟས་ཡོད།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པའི་ལས་འཛིན་མགོ་གཙོ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཟུར་པ་སྟག་འབུམ་ཐར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། རྨ་ལྷོ་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་ལུས་རྩལ་ཅུས་སོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག དེ་མིན་གྲོ་ཚང་ཆུས་དང་། མགོ་མང་རྫོང་སོགས་སྤུན་ཟླའི་ཆུས་དང་རྫོང་། འབྲེལ་བཙུགས་རོགས་སྐྱོར་ཚན་པ་དང་ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོགས་ཀྱི་མགོ་ཁྲིད་དང་སྐུ་མགྲོན141མགོ་རྩོམ་མཛད་སྒོར་ཞུགས་ཡོད།
འབྲེལ་ཡོད་འོས་སྦྱོར།