logo

གུང་ཧོ་ཚལ་རྔ་འགག་ཏུ་སྐབས་བཅུ་བདུན་པའི་ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་རྐྱལ་རྩལ་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-06-28 ཀློག་གྲངས།:
       ཉེ་ལམ། སྐབས་བཅུ་བདུན་པའི་ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་རྐྱལ་རྩལ་འགྲན་སྡུར་དེ་གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་གྱི་ལྗོངས་ཁུལ་ནས་དངོས་སུ་མཇུག་རྫོགས་པ་དང་། འགྲན་ཞུགས་པ146གིས་ཚལ་རྔ་འགག་ཆུ་མཛོད་ཁུལ་གྱི་རིང་ཚད་ལ་སྨི600ཅན་གྱི་བེད་སྤྱོད་བྱས་ཆོག་པའི་ཁྱབ་ཁོངས་ནས་ཆུ་རྐྱལ་འགྲན་སྡུར་བྱས།
       འགྲན་ཞུགས་པ་རྣམས་ཀྱིས་དྭངས་ཤིང་གསལ་བའི་རྨ་ཆུའི་ནང་དུ་རང་ཉིད་ཀྱི་ནུས་རྩལ་ངོམ་ཞིང་། རང་བྱུང་ཁམས་ཆེན་མོའི་ངོ་མཚར་བའི་མཛེས་ཉམས་ལ་རོལ་བཞིན་དཔའ་ངར་ཆེར་བསྐྱེད་དང་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་ཏེ་ཐེངས་འདིའི་རྐྱལ་རྩལ་འགྲན་སྡུར་དེ་བདེ་ལེགས་ངང་མཇུག་སྒྲིལ་བ་རེད།
       ཐེངས་འདིའི་བྱ་འགུལ་ནི་འགྲན་སྡུར་དང་ཡུལ་སྐོར། རིག་གནས། སྐྱེ་ཁམས། གྲོང་གསེབ་དར་སྤེལ་བཅས་གཞི་གཅིག་ཏུ་སྦྲེལ་ནས། རྨ་ཆུའི་གཏམ་རྒྱུད་གླེང་བ་དང་རྨ་ཆུའི་རིག་གནས་ཁྱབ་བསྒྲགས་བཟང་བོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལུས་རྩལ་དང་སྐྱེ་ཁམས། ཡུལ་སྐོར། རིག་གནས་བཅས་མཐུན་སྦྱོར་མཉམ་འདྲེས་བྱས་ཏེ། མཛེས་སྡུག་གི་མཚོ་སྔོན་དང་དག་གཙང་གི་མཚོ་ལྷོ་ཞེས་པའི་སྣང་བརྙན་མངོན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།