2023ལོའི་མཚོ་ལྷོ་ཁུལ་གྱི་རྒྱ་བོད་བརྡ་ཆད་གསར་པ་ཚད་ལྡན་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཁྲི་ཀར་བསྡུས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-17
ཀློག་གྲངས།:
མཚོ་ལྷོ་ཁུལ་ཨུའི«མཚོ་ལྷོ་ཁུལ་གྱི2023ལོའི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་འཆར་གཞིའི»བླང་བྱ་གཞིར་བཟུང་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། བྱང་ཚད་མཐོ་བའི་ལོ་ཙཱའི་དཔུང་སྡེ་གསོ་སྐྱོང་བྱས་ནས་ལོ་ཙཱའི་ལས་གནས་ཀྱི་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་ཆེད། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་རྒྱབ་སྐྱོར་འོག་ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་བསྒྲུབས་པའི2023ལོའི་མཚོ་ལྷོའི་ཁུལ་ཡོངས་ཀྱི་རྒྱ་བོད་བརྡ་ཆད་གསར་པ་ཚད་ལྡན་བྱ་བའི་གསོ་སྦྱོང་འཛིན་གྲྭ་དེ་ཁྲི་ཀར་བསྡུས་ཤིང་དུས་ཡུན་ཉིན5རིང་ཁུལ་དང་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། དེ་མིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རྫོང་ཁག་གི་སྨྱན་སྦྱོར་ལྟེ་གནས། ཤང་གྲོང་ཁག་གི་ལོ་ཙཱའི་ལས་དོན་སྒྲུབ་པའི་རྐང་འཛིན་པ40ཐེངས་འདིའི་གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་རིག་པའི་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་སྐལ་བཟང་བཀྲ་ཤིས་ལགས་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་དང་སྐལ་བཟང་འབུམ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དབང་རྡོ་རྗེ། བོད་ཀྱི་དམངས་སྲོལ་རིག་གནས་དུས་དེབ་ཀྱི་རྩོམ་སྒྲིག་ཞུས་ཆེན་པ་རྒན་མཁའ་འབུམ། བློ་བཟང་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭའི་དགེ་རྒན་བློ་བཟང་བཅས་ལོ་ཙཱའི་གཞུང་ལུགས་ལ་ཞིབ་འཇུག་ཅུང་གཏིང་ཟབ་པ་དང་ལོ་ཙཱའི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་པའི་དགེ་རྒན་ཆེན་མོ6གདན་འདྲེན་ཞུས་ཏེ་སློབ་ཁྲིད་གནང་རྒྱུ་ཡིན་ལ། འཁྲིད་བྱའི་ནང་དོན་ཐད། «ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས་པའི་མཐོང་རྒྱའི་འོག་གི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་སྐོར»དང«སྒྲ་སྒྱུར་གྱི་རྩ་དོན་དང་སྒྱུར་མིང་ཚད་ལྡན་ཅན་དུ་གཏོང་ཐབས» «རྒྱ་ཡིག་དང་བོད་ཡིག་གི་དུས་སྔ་མའི་ལོ་ཙཱའི་ལག་ལེན་དང་བྱེད་ཐབས» «ཚིག་ཕྲད་སྦྱོར་ཚུལ་དང་སྐད་ཆ་གཅིག་གྱུར» «རྒྱ་བོད་ལོ་ཙཱའི་ཁྲོད་ཀྱི་བོད་སྐད་ཀྱི་ཚིག་གི་སྡེབ་ལུགས» «གནའ་དེང་ཕྱི་ནང་གི་ལོ་ཙཱའི་ཚད་གཞི་སྐོར་གྱི་དཔྱད་གླེང» «བོད་གནའ་རབས་ཀྱི་ལོ་ཙཱའི་གཞུང་ལུགས་དང་དེ་ལས་ཐོན་པའི་ཉམས་མྱོང་སྐོར་བཤད་པ» «བོད་རྒྱའི་ཚན་རྩལ་ལོ་ཙཱའི་ལག་ལེན་སློབ་ཁྲིད»སོགས་འདུས་ཤིང་། ཟུར་མི་འདྲ་བའི་སྒོ་ནས་ལོ་ཙཱའི་ཐད་གཏིང་ཟབ་ཏུ་མཚམས་སྦྱོར་དང་། ལོ་རྒྱུས་འཕེལ་རིམ། དངོས་ཡོད་གནད་དོན་སྟོན་པ་སོགས་ཀྱི་ཐད་ནས་རིན་ཐང་བྲལ་བའི་སློབ་ཁྲིད་གནང་རྒྱུ་རེད། དེ་མིན་རྒྱ་བོད་བརྡ་ཆད་གསར་པ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བགྲོ་གླེང་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།

ཐེངས་འདིའི་གསོ་སྦྱོང་ནི་ལོ་ཙཱའི་སྤུས་ཚད་མཐོར་འདེགས་དང་ལོ་ཙཱའི་དཔུང་སྡེའི་ལས་སྒོ་འཛུགས་སྐྱོང་ལ་ཤུགས་སྣོན། ལོ་ཙཱའི་དཔུང་སྡེ་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་རིག་སྟོབས་ཀྱིས་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣ་མཁོ་འདོན་བྱས་ཏེ་རང་ཁུལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་དགེ་མཚན་ཆེན་མོ་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།