མཚོ་ལྷོ་ཁུལ་གྱི་གྲངས་འཛིན་དཔེ་སྟོན་ཁང་དངོས་སུ་སྒོ་འབྱེད་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོའི་ཚགས་པར།
དུས་ཚོད།:2023-07-19
ཀློག་གྲངས།:

ཟླ7པའི་ཚེས18ཉིན། རང་ཁུལ་གྱི་གྲངས་འཛིན་དཔེ་མཛོད་ཁང་དངོས་སུ་སྒོ་འབྱེད་གནང་བ་དང་། འདི་ནི་རང་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་ལག་བསྟར་བྱས་པའི་རིག་གནས་འཛུགས་སྐྲུན་གྱི་ལས་གཞི་གལ་ཆེན་ཞིག་ཡིན་ལ། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་ཕུལ་བའི་ལེགས་སྐྱེས་རྩ་ཆེན་ཞིག་ཀྱང་ཡིན།

གསར་དུ་བསྐྲུན་པའི་རང་ཁུལ་གྱི་གྲངས་འཛིན་དཔེ་མཛོད་ཁང་དེ་ནི་ཧྭ་ཝེ་རུབ་རྩིས་ལ་བརྟེན་ཡོད་ལ། 5Gཡི་དུས་འགྱང་མེད་པ་དང་མྱུར་ཚད་མགྱོགས་པ། ཡངས་ལམ་མཐོ་བ་བཅས་ཀྱི་དགེ་མཚན་ལྡན་པའི་གྲངས་འཛིན་ཀྱི་ཁྱད་ཆོས་བཀོལ་ཡོད་པར་མ་ཟད། VRདངXRསོགས་དངོས་ཡོད་ལག་རྩལ་དང་དེ་མིན་རིག་ནུས་རེག་འཛིན་བརྙན་ཤེལ། ཆེས་གསལ་བའི8Kབརྙན་རིས་སོགས་སྤུས་ཚད་མཐོ་བའི་འགྲེམས་སྟོན་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བལྟ་འདོད་ཡོད་པ་དང་དངོས་མཐོང་རང་བཞིན་ཡིན་པ། བྱིངས་སེམས་ཀྱི་རྣམ་པ་ལྡན་པ་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་ཆོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་ཀློག་གི་མྱོང་ཚོར་གསར་བ་ཞིག་བསྐྲུན་ཡོད།
འབྲེལ་ཡོད་འོས་སྦྱོར།