logo

༄༅། །སྔོན་ཐོན་པར་ཆས་སྤྱད་དེ་གཉེན་སྲོལ་རིག་གནས་མིག་གི་བདུད་རྩིར་མངོན།

རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-04 ཀློག་གྲངས།:
       དབྱར་ཟླ་དྲུག་པའི་དཔའ་རིས་བཀྲ་ཤིས་ཕྱུག་ལུང་སྡེ་ཆེན་སྡེ་བ་ནི་རྩྭ་ཐང་བུ་མོས་གཡུ་ཡི་གོས་ཆེན་བཀླུབས་ཤིང་རམ་དཀར་རྩྭ་མཆོག་གི་དགའ་སྟོན་བཤམས། ཕྱུགས་གཡང་འཕེལ་ཁ་རྒྱས་པར་བརྩོན། འབྱོར་ལྡན་འབྲོག་མི་ངལ་བའི་ལས་ལ་བྲེལ་ཡང་སྐྱིད་དགའ་དཔལ་གསུམ་གྱི་འཚོ་བའི་མངར་ཁ་རོལ་བཞིན་ཡོད།
       སྤྱི་ཟླ7པའི་ཚེས27ཉིན་ནས28བར་ལ། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པ་འོས་འགན་ཞིག་ཏུ་བརྩིས་ཤིང་། སྲུང་སྐྱོབ་གཙོ་བོ་དང་། འཕྲལ་སྐྱོབ་དང་བོ། ལུགས་མཐུན་བེད་སྤྱོད། རྒྱུན་སྐྱོང་གོང་སྤེལ་གྱི་རྩ་དོན་རྒྱུད་ལ་ངེས་པར་བྱས་ཏེ། དངོས་མིན་ཤུལ་བཞག་རིག་གནས་ཀྱིས་ཏང་དྲིན་བསྟོད་པ་གཞིར་བཟུང་ནས་སྡེ་ཆེན་རྩྭ་ཐང་ནས་རིག་རྩལ་རྩེད་ཚན་རྣམ་པ་ཕུན་སུམ་ཚོགས་པ་ཞིག་བསྟན། དེ་ཡིས་དམངས་ཀྱི་ཉིན་བཞིན་འཕེལ་བསྐྱེད་འགྲོ་བཞིན་པའི་བསམ་པའི་དཔལ་ཡོན་གྱི་འདོད་པ་སྐོང་ཅི་ཐུབ་དང་། རིག་གནས་ཀྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཅི་ནུས་བཏང་བའོ། །
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ལྟར། དངོས་མིན་ཤུལ་བཞག་རིག་གནས་རྒྱུད་རིམ་རང་བཞིན་སྲུང་སྐྱོབ་ཏན་ཏིག་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་དང་། གསར་གཏོད་གོང་སྤེལ་ལ་སྐུལ་མ་གཏོང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤན་སྟོབས་རྒྱུན་མཐུན་ཆེར་བསྐྱེད། ཤེས་དཔལ་བརྗེ་རེས་མཉམ་དཔྱད་ཟབ་ཏུ་གཏོང་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏམ་རྒྱུད་ཀུན་ལ་བསྒྲག་པ། ཀྲུང་ཧྭའི་རིག་གནས་ཀྱི་མཚན་སྙན་འཛམ་གླིང་དུ་སྔར་བས་དར་བར་སྐུལ་མ་གཏོང་དགོས།ཞེས་གསུངས་པ་གནང་བཞིན། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ལས་དཔའ་རིས་གཉེན་སྲོལ་འདི་ཉིད་ནང་དོན་ཕུན་སུམ་ཚོགས་ཤིང་བརྒྱུད་རིམ་ཆ་ཚང་བ། དམངས་སྲོལ་རིག་གནས་ཀྱི་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁྱད་ཆོས་མངོན་གསལ་འཛོམས་པ་མ་ཟད། དཔའ་རིས་གཉེན་སྲོལ་གྱི་ནང་དུ་དཔའ་རིས་དམངས་གླུ་དང་། དཔའ་རིས་བཤད་པ་བཅས་ཀྱི་ནང་དོན་ཕན་ཚུན་གཡས་གཞོགས་གཡོན་འདེགས་ཀྱི་ཚུལ་དུ་གནས་ཡོད་ཅིང་། ནུས་པ་མི་འདྲ་བའི་རིག་གནས་རྣམ་པ་ཞིག་ཏུ་མངོན་ཡོད། ཐེངས་འདིར་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་དཔའ་རིས་གཉེན་སྲོལ་གྱི་ཆོ་ག་སྤེལ་སྟངས་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་གར་སྟེགས་སུ་འཁྲབ་སྟོན་དང་། ལྗོངས་དངོས་སུ་གཉེན་གྱི་ཆོ་ག་སྤེལ་སྟངས་བརྙན་ལམ་དུ་ཕབ་ཡོད།
       གནའ་སྲོལ་རིག་གནས་རྒྱུན་སྐྱོང་ཞིང་། མ་ཉམས་གོང་སྤེལ། ཉམས་པ་གཟུགས་རིས་ཀྱིས་ཚགས་པ་དང་། རྗེས་རབས་པས་རྒྱུན་སྐྱོང་གོང་སྤེལ་ལ་གཞི་འཛིན་དཔེ་འཇོག་ཅི་ཐུབ་བྱེད་པ་དང་ཆབས་ཅིག མང་ཚོགས་རྣམས་རིག་རྩལ་ལས་འགུལ་ལ་ཞུགས་པའི་སྤྲོ་བའང་ཆེར་བསྐྱེད། དངོས་མིན་ཤུལ་བཞག་རིག་གནས་ཀྱི་རིག་རྩལ་ལས་འགུལ་ལ་རང་མོས་རང་ཞུགས། སྤྱི་ཚོགས་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་རྒྱུན་སྐྱོང་གི་ཁོར་ཡུག་སྐྲུན་པ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བོ་ཕུན་སུམ་ཇེ་ཚོགས། མི་རིགས་མཐུན་སྒྲིལ་གྱི་མདུད་པ་སྔར་ལས་ཇེ་དམ་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་བརྟན་དུ་འགྲོ་བའི་དགོངས་དོན་སོགས་ཀྱི་བསམ་བློའི་སྙིང་བོ་གསལ་བར་མཚོན་ཡོད་དོ། །
གཉེན་གྱི་ཆོ་ག་སྤེལ་བཞིན་པ།
གཉེན་གྱི་ཆོ་ག་སྤེལ་བཞིན་པ།
གཉེན་གྱི་ཆོ་ག་སྤེལ་བཞིན་པ།
འབྲེལ་ཡོད་འོས་སྦྱོར།