logo

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2023-08-14 ཀློག་གྲངས།:
       ཟླ8པའི་ཚེས14ཉིན་གྱི་སྔ་དྲོར། «ཀན་ལྷོ་ཉིན་རེའི་གསར་འགྱུར»བཏོན་ནས་ལོ་འཁོར70ལོན་པ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འཚོགས།
       ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གིས་འགན་སྒྲུབ་བྱས། ཚོགས་འདུའི་ནང་དོན་ལ“གསར་གཏོད་རྒྱུན་འཛིན་གྱིས་འབྱུང་འགྱུར་གསལ་བར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། “བགྲང་བྱ་བདུན་ཅུ་ཀན་ལྷོ་ཚགས་པར་ངོས་སུ་གསལ། འབད་པ་ཆེན་པོས་ཡར་ཐོན་ལེའུ་གསར་དུ་རྩོམ”ཞེས་པའི་འགྲེམས་སྟོན་སྒོ་འབྱེད་མཛད་སྒོ། ཀན་ལྷོའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན། འགྲན་ཞུགས་བརྩམས་ཆོས་དཔྱད་འདེམས། བརྡ་ཆད་གསར་པ་ཞིབ་དཔྱད་གཏན་འབེབས། སྨྱན་སྦྱོར་མཉམ་འསྲེས་འཕེལ་རྒྱས་སྐོར་གྱི་ཉམས་མྱོང་བརྗེ་རེས། གཅིག་སྡུད་བཅར་འདྲིའི་བྱ་འགུལ་སོགས་ཡོད།
       རེབ་འདིའི་གྲོས་ཚོགས་ལ་པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ནས་ཕེབས་པའི་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན། དྲ་བ་སོགས་སྨྱན་སྦྱོར་གསར་ལམ་སྡེ་ཁག29ཡི་ལས་བྱེད་མི་སྣ61ཞུགས་ཡོད།
འབྲེལ་ཡོད་འོས་སྦྱོར།