རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་ཆེན།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-09-05
ཀློག་གྲངས།:
མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་སྐབས་གསུམ་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།
2023ལོའི་ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིང་གི་རྒྱབ་སྐྱོར་འོག མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་སྐབས་གསུམ་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཚོགས་འདུའི་སྟེང་འདས་པའི་ལོ་ངོ་ལྔའི་རིང་གི་བྱ་བའི་གྲུབ་འབྲས་ལ་ཕྱིར་དྲན་དང་། མ་འོངས་པའི་ལོ་ངོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་འཆར་གཞི་དང་འབད་བརྩོན་གྱི་དམིགས་འབེན་གཏན་འབེབས་བྱས་པར་མ་ཟད། གོང་རིམ་གྱི་སྒྲིག་སྲོལ་དང་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་སྐབས་གསར་པའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་བཅས་བདེ་བླག་ངང་བདམས་ཐོན་བྱུང་།

མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལས་ཚབ་ཚོགས་གཙོ་གཅོད་པ་དོན་འགྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། ལས་རིགས་སོ་སོའི་རིག་གཞུང་ཆེད་མཁས་པ་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། དགོན་སྡེ་ཁག་ནས་ཕེབས་པའི་དགེ་བཤེས་བཅས་མི70ལྷག་ཚོགས་འདུར་ཞུགས།

ཚོགས་པ་འདིས། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་འོག མི་རིགས་སོ་སོ་འདྲ་མཉམ་དང་མཐུན་སྒྲིལ། ཡར་རྒྱས། གོང་འཕེལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་སྒོས། རྗེ་ཙོང་ཁ་པའི་མི་ཚེ་ལོ་རྒྱུས་དང་རིག་གནས་སྒྱུ་རྩལ། རིག་གཞུང་བསམ་བློ་སོགས་ལ་ཞིབ་འཇུག་བྱས་ནས། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་ཞབས་འདེགས་ཞུས་པར་མ་ཟད། མཚོ་སྔོན་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་ཞིང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལའང་ཞབས་འདེགས་ཞུ་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་རྗེ་ཙོང་ཁ་པའི་རིག་པའི་གཞུང་ལུགས་དང་། རིག་གཞུང་བསམ་བློ། སྒྱུ་རྩལ་ཁྱད་ཆོས་སོགས་རྒྱུད་འཛིན་དང་སྔོག་འདོན། ཞིབ་འཇུག བརྗེ་རེས་བཅས་བྱེད་པར་སྟབས་བདེ་བསྐྲུན་ཆེད། ཟི་ལིང་གྲོང་ཁྱེར་མཁར་ལྷོ་ཁུལ་དུ་རྗེ་ཙོང་ཁ་པ་དང་འབྲེལ་བའི་རིག་གནས་དང་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་སའི་རྟེན་གཞི་ཞིག་སྐྲུན་བཞིན་ཡོད་ལ། འཆར་གཞི་ལྟར་ན2025ལོའི་ལོ་མཇུག་ལ་ལེགས་འགྲུབ་འབྱུང་རྒྱུ་རེད།

ཚོགས་ཞུགས་པ་རྣམས་ཀྱིས། སྐབས་སྔོན་མའི་མགོ་ཁྲིད་ཀྱིས་ཏང་གི་ཡང་དག་པའི་མི་རིགས་ཆོས་ལུགས་སྐོར་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དང་དངོས་འབེབས་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་འོག རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལས་དོན་མཐའ་དག་ལ་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་བྱས་རྗེས་བླ་མེད་བཞག་ཡོད་ཅེས་གདེང་འཇོག་ཚད་མེད་གནང་། །
འབྲེལ་ཡོད་འོས་སྦྱོར།