ཀྲུང་བོད་གསོ་རིག་འཆད་སྟེགས་སྐབས་བཞི་པ་ཀོས་ནན་ནས་བདེ་བླག་ངང་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀོས་ནན་སྲིད་དོན།
དུས་ཚོད།:2023-09-28
ཀློག་གྲངས།:
ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་གནས་སྔར་ལས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། ཀྲུང་བོད་གསོ་རིག་གི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིས་ཀྲུང་བོད་གསོ་རིག་གི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་ཆེད། ཉེ་ཆར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་པོ་ཀྲུང་བོད་གསོ་རིག་འཆད་སྟེགས་སྐབས་བཞི་པ་ཀོས་ནན་ནས་བདེ་བླག་ངང་འཚོགས།

མཚོ་སྔོན་པོ་ཀྲུང་བོད་གསོ་རིག་གི་འཆད་ཁྲིད་སྤེལ་བ་བརྒྱུད། རང་ཁུལ་གྱི་གཞི་རིམ་སྨན་བཅོས་སྒྲིག་གཞིས་ཀྲུང་བོད་གསོ་རིག་གི་ཞབས་ཞུའི་ཆུ་ཚད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན། ཀྲུང་ལུགས་གསོ་རིག་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱ་ཆེའི་ཀྲུང་ལུགས་གསོ་རིག་གི་ལས་དོན་ཁྲོད་བོད་ལུགས་གསོ་རིག་ལ་སྔར་ལས་ཤེས་རྟོགས་དང་རྒྱུས་ལོན་གཏིང་ཟབ་བྱས་ཏེ། རོང་འབྲོག་མང་ཚོགས་ལ་སྨན་བཅོས་ཐད་ཀྱི་དམངས་ཕན་ཞབས་ཞུའི་དགོས་མཁོ་བསྐངས་འདུག

ཆེད་མཁས་པ་དང་ཚོགས་ཞུགས་སྨན་པ་དག་གིས་བོད་ལུགས་གསོ་རིག་གི་ཚན་རྩལ་གསར་གཏོད་ལས་སྟེགས་བསྐྲུན་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་ལས་སྟེགས་བསྐྲུན་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་ཐོག་སྨན་བཅོས་ལ་བསམ་གཞིག་བྱ་རྒྱུ། དེ་མིན་བོད་སྨན་གྱི་སྨན་བཅོས་ནུས་པ་ལ་ཞིབ་འཇུག་བྱ་རྒྱུ། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་པ་རྒན་པའི་ཉམས་མྱོང་། ཤང་དང་གྲོང་རྡལ་གྱི་བོད་ལུགས་གསོ་རིག་གི་འཆམ་མཐུན་ལག་རྩལ་འཕེལ་རྒྱས་ཀྱི་མདུན་ལམ། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་བཀོལ་སྤྱོད། ཀྲུང་བོད་ལུགས་ཀྱི་སྨན་བཅོས་ནུས་པ་འཛུགས་སྐྱོང་བྱེད་ནུས་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་བྱས།

མཚོ་ལྷོ་ཁུལ་གྱི་མཚོ་སྔོན་པོ་ཀྲུང་བོད་གསོ་རིག་འཆད་སྟེགས་སྐབས་བཞི་པ་ཀོས་ནན་ནས་བདེ་བླག་ངང་སྤེལ་བ་དེས་ཀོས་ནན་རྫོང་བོད་སྨན་ཁང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། ཀོས་ནན་རྫོང་བོད་སྨན་ཁང་གིས་ཐེངས་འདིའི་མཚོ་སྔོན་པོའི་འཆད་སྟེགས་གྲུབ་འབྲས་བསྡུ་ལེན་གང་ལེགས་དང་སྲ་བརྟན་དུ་གཏོང་བའི་གོ་སྐབས་དང་བསྟུན་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་འདུ་ཤེས་མུ་མཐུད་དུ་བརྟན་པོར་བཙུགས་ཏེ། བསམ་བློ་བཅིངས་འགྲོལ་དང་སྨན་ཁང་གི་དོ་དམ་ལམ་ལུགས་ཇེ་ལེགས་སུ་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་ལས་ཚན་ཁག་དང་ཁྱད་ལྡན་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་ཁང་གི་ནད་བརྟག་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་གསར་པ་ཕུལ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།