logo

གནའ་བོའི་ཤིང་སྡོང་གྲགས་ཅན་གྱི་སྲུང་སྐྱོབ་གླེང་སྟེགས་ཁྲི་ཀ་རྫོང་དུ་བསྡུས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-11-23 ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་གནའ་བོའི་ཤིང་སྡོང་གྲགས་ཅན་གྱི་སྲུང་སྐྱོབ་གླེང་སྟེགས་ཁྲི་ཀ་རྫོང་དུ་བསྡུས་པ།
 
       ཟླ11པའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་སློབ་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི“རྡོག་རྩ་གཅིག་སྒྲིལ་གྱིས་གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་བགྲོད་ལམ་སྟེང་སྐྱོད་པ”ཞེས་པ་བརྗོད་དོན་གཙོར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་གནའ་བོའི་ཤིང་སྡོང་གྲགས་ཅན་གྱི་སྲུང་སྐྱོང་གླེང་སྟེགས་ཁྲི་ཀ་རྫོང་དུ་སྤེལ་བ་རེད། ཞིང་ཆེན་ཕྱི་ནང་ནས་ཐོན་པའི་ཆེད་ལས་མཁས་ཅན་དང་མཁས་དབང92ལྷན་གཅིག་ཏུ་འཛོམས་ནས་གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་ལ་ཤུགས་སྣོན་པར་གོ་སྐབས་སུ་བྱས་ཏེ། མཚོ་སྔོན་གྱི་གནའ་བོའི་ཤིང་སྡོང་གྲགས་ཅན་དག་གི་ད་ཡོད་གནས་ཚུལ་དང་མ་འོངས་འབྱུང་འགྱུར་སྐོར་གླེང་ནས། མཉམ་གཅིག་ཏུ་གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་གི་ཐབས་ལམ་དང་བྱ་ཐབས་ཐད་གྲོས་མོལ་བྱས།
       “མཚོ་སྔོན་གྱིས་གནའ་བོའི་ཤིང་སྡོང་གྲགས་ཅན་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ལ་མཐོང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། གནའ་བོའི་ཤིང་སྡོང་གྲགས་ཅན་ལ་སྲུང་སྐྱོང་བྱེད་པའི་རིམ་པ་དབྱེ་བ་དང་ལོ་ཚད་ཀྱི་བརྡར་ཤ་གཅོད་པ། དེ་བཞིན་ཤིང་མི་འདྲ་བ་ལ་ཚད་གཞི་གཅིག་མཚུངས་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནད་དོན་ལ་ཁ་གཏད་གཅོད་པ་སོགས་ཐེངས་འདིའི་བྱེད་སྒོར་བརྟེན་ནས་ཞིབ་དཔྱད་དང་སྤེལ་རེས་བྱས་པ་དང་། ཀྲུང་གོ་ནགས་ཚལ་ཚན་རྩལ་ཁང་གིས་ཕྱོགས་གང་ཐད་ནས་མཐུན་སྦྱོར་མཉམ་ལས་ཀྱིས་མཚོ་སྔོན་གྱི་གནའ་བོའི་ཤིང་སྡོང་གྲགས་ཅན་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་ཀྲུང་གོ་ནགས་ལས་ཚན་རྩལ་ཁང་གི་ཞིབ་འཇུག་པ་ཀྲེང་ཡུང་ཆི་ཡིས་དེ་ལྟར་བཤད།
       ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གནའ་བོའི་ཤིང་སྡོང་གྲགས་ཅན་ཤིང་ལ་སྲུང་སྐྱོང་དང་དོ་དམ་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། གནའ་བོའི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བྱ་ཆེད། ཞིང་ཆེན་ནགས་དང་ནགས་ཚལ། རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གནའ་བོའི་ཤིང་སྡོང་གྲགས་ཅན་གྱི་ཁྱབ་ཚུལ་དང་སྐྱེ་འཚར་གནས་ཚུལ་ལ་དམིགས་ཏེ་གནའ་བོའི་ཤིང་སྡོང་གྲགས་ཅན་ལ“ཤིང་རེར་ལ་སྲིད་ཇུས་རེ”བཟོས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་སླར་གསོ་འཆར་གཞི་བཟོས་པ་དང་། སྲུང་སྐྱོང་རང་བཞིན་གྱི་ལྕགས་ར་དང་འདེགས་སྐྱོར་སྒྲོམ་གཞི་བསྐྲུན་པ་བཅས་ཡོངས་བཤེར་བྱས་པ་བརྒྱུད། མཚོ་སྔོན་དུ་གནའ་བོའི་ཤིང་སྡོང་རྐང473དང་། ཤིང་སྡོང་གྲགས་ཅན་རྐང16། གནའ་ཤིང་གི་རྗེས་གྲབས་ཐོན་ཁུངས196བཅས་ཇེ་མང་དུ་སོང་ཡོད་པ་རེད། །
འབྲེལ་ཡོད་འོས་སྦྱོར།