logo

གུང་ཧོ་རྫོང་གིས་དཔེ་ཀློག་གི་ཁྲོད་ནས་ལམ་སྟོན་གྱི་ལྡེ་མིག་འཚོལ་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་བྱས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-27 ཀློག་གྲངས།:
       ཟླ4པའི་ཚེས25ཉིན། གུང་ཧོ་རྫོང་གིས་སྐབས་དང་པོའི་དཔེ་ཀློག་གི་ཁྲོད་ནས་ལམ་སྟོན་གྱི་ལྡེ་མིག་འཚོལ་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་བྱས་ཤིང་། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོའི་རུ་ཁག12དང་། མི་སྒེར་གྱི་འགྲན་ཞུགས་མི་སྣ42འགྲན་སྡུར་ཁྲོད་ཞུགས།
       སྙན་ངག་གྱེར་འདོན་ལ་ཐུན་མོང་ཚན་ཁག་དང་། མི་སྒེར་ཚན་ཁག་རིམ་པ་གཉིས་སུ་དགར་ཡོད། འགྲན་སྡུར་སྐབས་འགྲན་ཞུགས་པ་དག་གིས་སྙན་འཇེབས་ཀྱི་རོལ་དབྱངས་དང་བསྡོངས་ནས། ཚིག་འབྲུ་རེ་རེ་ནང་སེམས་ཀྱི་འགྱུར་བ་དང་བསྟུན་ནས་དབྱངས་སུ་བཀུག་ནས་རང་རང་གི་རྩལ་ནུས་ཡོད་དགུ་འདོན་སྤེལ་གང་ལེགས་བྱས་ཏེ། གུང་ཧོ་རྫོང་གི་རྒྱ་ཆེ་མང་ཚོགས་ཀྲུང་ཧྭའི་རིག་གནས་ལ་དགའ་ཞེན་ཆེ་བའི་རྣམ་པ་མཚོན་པར་བྱས་སོང་།
       ཛ་དྲག་གི་འགྲན་སྡུར་རྒྱུད་མཐར། མི་རབས་ནས་མི་རབས་ཞེས་པ་དང་། མཛེས་སྡུག་གི་གུང་ཧོ། ཀྲུང་གོའི་ཕུགས་འདུན་སོགས་བརྩམས་ཆོས་དྲུག་ལ་ཐུན་མོང་གི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ། དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་འདུན་མ་གླུ་རུ་ལེན་ཞེས་པ་དང་། 4356ངའི་སེམས་ཀྱི་དྲང་གཞག་དང་དྲང་བདེན། ཀྲུང་གོ་ལ་རྒྱུས་ལོན་བྱེད་པ། ང་ཡི་མེས་རྒྱལ་སོགས་བརྩམས་ཆོས་བདུན་ལ་རྒྱ་ཡིག་གི་འགྲན་རིམ་ལས་མི་སྒེར་གྱི་བྱ་དགའ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་རེད། རྔ་ཆེན་རོལ་དབྱངས། ངའི་མེས་རྒྱལ། མཚོ་སྔོན་པོ་སོགས་བརྩམས་ཆོས་གསུམ་ལ་བོད་ཡིག་ཚན་ཁག་གི་མི་སྒེར་འགྲན་སྡུར་ཁྲོད་བྱ་དགའ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ།
       སྙན་ངག་གྱེར་འདོན་བརྒྱུད། རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་རོལ་མྱོང་དང་ཡིག་ངོས་ནས་བརྩེ་སེམས་བརྒྱུད་སྒྲོག་བྱེད་པ། རིག་གནས་ཀྱིས་ནང་སེམས་ཀྱི་མུན་པ་སེལ་བར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་སུ་བཅུག

ཡོང་ཁུངས། གུང་ཧོ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
འབྲེལ་ཡོད་འོས་སྦྱོར།