logo

ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་དཔེ་སྦྱིན་མཛད་སྒོ་མཚོ་སྔོན་ཟི་ལིང་དུ་འཚོགས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-05-15 ཀློག་གྲངས།:
       ཟླ5ཚེས14ཉིན། ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་དཔེ་སྦྱིན་མཛད་སྒོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འཚོགས་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱིས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ལས་ཁུངས43དང་བོད་བརྒྱུད་ནང་བསྟན་དགོན་སྡེར་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་མུ་འབྲེལ་དཔེ་ཚོགས་མང་པོ་ཞལ་འདེབས་ཕུལ་ཡོད།
       ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ཞེས་པར་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག རྩོམ་རིག་སྒྱུ་རྩལ། རང་བྱུང་ཚན་རིག བཟོ་སྐྲུན་ལག་རྩལ་སོགས་རིག་ཚན་དང་ཤེས་བྱའི་ཁྱབ་ཁོངས66ཚུད་ཡོད་པས་ཤེས་བྱ་ཀུན་བཏུས་ཀྱི་ངོ་བོ་ལྡན་པའི་སྲོལ་རྒྱུན་བོད་རིག་པའི་གསུང་རབ་ཅིག་ཡིན། དེ་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཚད་ལྡན་ཡིག་ཆའི་ཐོན་ཁུངས་རྩ་ཆེན་མཁོ་འདོན་བྱས་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་རིག་གཞུང་གི་རྒྱབ་སྐྱོར་གལ་ཆེན་ཡང་འདོན་སྤྲོད་བྱས་ཡོད། ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོར་ལས་དོན་ས་ཚིགས5བཙུགས་ཡོད་པ་དང་དེའི་ནང་མཚོ་སྔོན་གྱི་ལས་དོན་ས་ཚིགས་དེ2016ལོར་མཚོ་སྔོན་དགེ་འོས་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
       མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ཉར་ཚགས་དང་ཞིབ་འཇུག ཁྱབ་བསྒྲགས་བཅས་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་དང་། ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་ཡོང་བའི་རྨང་གཞིའི་སྟེང་། མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་གཏོད་བཅས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་བོར་བྱས་ཏེ་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། དགེ་མཚང་མཉམ་ཁུར། ཤི་གསོན་མཉམ་བསུ། ལས་དབང་གཅིག་སྦྲེལ་བཅས་ཡིན་པའི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་གང་ཐུབ་བྱ་རྒྱུར་ཧུར་ཐག་བྱ་རྒྱུ་ཡིན་གསུངས།
འབྲེལ་ཡོད་འོས་སྦྱོར།