གཙང་གསུམ་འབྱུང་ཡུལ་གྱི་རྩ་ཆེའི་སྐྱེ་ཁམས་པར་རིས་པེ་ཅིན་གྲོང་ཁྱེར་དུ་འགྲེམས་སྟོན་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2024-12-18
ཀློག་གྲངས།:
ཉེ་ཆར། “གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྟེ། རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”ཞེས་པ་བརྗོད་དོན་ཡིན་པའི་པར་རིས་འགྲེམས་སྟོན་དང་རང་བྱུང་སློབ་གསོ་བཤམས་སྟོན་ཁང་དུ་སྐྱོད་པའི་བྱ་འགུལ་དེ་ཀྲུང་གོའི་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་སུའོ་རྒྱལ་ཁབ་སྲོག་ཆགས་བཤམས་སྟོན་ཁང་དུ་སྤེལ་བ་རེད།
བྱ་འགུལ་ནི་ཀྲུང་གོའི་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་སུའོ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གཉིས་ཀྱིས་གཙོ་སྒྲུབ་དང་། རྒྱལ་ཁབ་སྲོག་ཆགས་བཤམས་སྟོན་ཁང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་བཤམས་སྟོན་ལྟེ་གནས་གཉིས་ཀྱིས་འགན་སྒྲུབ་བྱས་ཤིང་། ཀྲུང་གོའི་ས་ཁྲ་དཔེ་སྐྲུན་ཁང་ཚོགས་པ་ཚད་ཡོད་ཀུང་སིས་རྒྱབ་སྐྱོར་བྱས་པ་རེད། བརྗོད་དོན་འགྲེམས་སྟོན་ཁྲོད་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་པར་ལེན་ལ་དགའ་མཁན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་བ་ཚོས་བླངས་པའི་པར་རིས་བརྩམས་ཆོས་ཁྱོན་བསྡོམས536བསྡུ་རུབ་བྱས་ཤིང་། དེའི་ནང་ནས་ཕུལ་བྱུང་བརྩམས་ཆོས53འདེམས་སྒྲུག་བྱས་ཏེ་གནམ་སའི་མཉམ་སྒྲོག་རོལ་མོ་དང་འབྲོག་སྟོང་གི་འཕར་རྩ། ངོ་མཚར་རྣམ་པར་བཀྲ་བ། མཉམ་འཚོའི་རོལ་དབྱངས་བཅས་ཀྱི་ཚན་ཁག་བཞི་རུ་དགར་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེས་གལ་ཆེ་བའི་སྐྱེ་ཁམས་མ་ལག་དང་ཆེས་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས། ཆེས་སྙིང་བཅུད་དུ་གྱུར་པའི་རང་བྱུང་ཤུལ་བཞག ཆེས་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་བཅས་འགྲེམས་སྟོན་གང་ལེགས་བྱས་ཡོད།
བྱ་འགུལ་གྱི་ཡུལ་དངོས་སུ། ཀྲུང་གོའི་ཚན་རིག་གླིང་རྨ་ཆུའི་མགོ་ཁུངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཞིབ་འཇུག་དཔེ་སྟོན་ས་ཚིགས་ཀྱི་མགོ་གཙོ་ཀྲང་ཐ་ཞིང་གིས་དྲི་བ་དྲིས་ལན་གྱི་སྒོ་ནས་སློབ་མ་ཚོར་སྤྲོ་སྣང་གིས་ཁེངས་པའི་གཙང་གསུམ་འབྱུང་ཡུལ་གྱི་ཚན་སྤེལ་སློབ་ཁྲིད་ཅིག་བྱས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཀྲུང་གོའི་ས་ཁྲ་དཔེ་སྐྲུན་ཁང་ཚོགས་པ་ཚད་ཡོད་ཀུང་སི་གཉིས་ཀྱིས་ད་དུང་རྒྱལ་ཁབ་སྲོག་ཆགས་བཤམས་སྟོན་ཁང་དང་པེ་ཅིན་དགེ་འོས་སློབ་ཆེན་ཁྲའོ་དབྱང་ཁོངས་གཏོགས་སློབ་གྲྭ། པེ་ཅིན་གྲོང་ཁྱེར་སློབ་འབྲིང་བཅུ་གཅིག་པའི་ཁོངས་གཏོགས་ཅིང་ཀྲུང་སྲང་ལམ་སློབ་ཆུང་བཅས་ལ«གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོའི་མུ་འབྲེལ་དཔེ་ཚོགས»གནང་།
«གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོའི་མུ་འབྲེལ་དཔེ་ཚོགས»ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་མུ་འབྲེལ་དཔེ་ཚོགས་ཐོག་མ་ཡིན་ཞིང་། དེའི་ནང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཧྲིལ་བོའི་འགྲེལ་བཤད་ལག་དེབ་དང་རང་བྱུང་ཚན་སྤེལ་ཤེས་བྱ་ཀུན་བཏུས། རང་བྱུང་སློབ་གསོའི་ཀློག་དེབ། ལངས་གཟུགས་རིས་དེབ་སོགས་ཡན་ལག་རྣམ་གྲངས7གྱི་དཔེ་དེབ27ཚུད་པ་དང་། དེ་དག་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་སྐྲུན་དངོས་པོའི་པར་སྐྲུན་འཆར་འགོད་རྣམ་གྲངས་སུ་བཅུག་ཡོད།
དུས་མཉམ་དུ་སྤེལ་བའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་ཚན་སྤེལ་རིས་དེབ་དཔེ་ཀློག་མཉམ་རོལ་ཚོགས་འདུའི་ཐོག་ཏུ། རྩོམ་པ་པོས་གཞོན་ནུ་ལོ་ཆུང་ཚོར་གསར་རྩོམ་གྱི་གཏམ་རྒྱུད་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་སོགས་མཉམ་རོལ་བྱས།
འབྲེལ་ཡོད་འོས་སྦྱོར།