ཐུན་རིན་གྲོང་ཁྱེར་གྱི་རིག་གནས་འཇོན་མིའི་བརྩམས་ཆོས་ཁྱབ་སྤེལ་བྱས་པ།
རྩོམ་པ་པོ།:ཚེ་རྡོ། རྡོ་རྗེ་སྐྱིད། གཡང་འབུམ། རྡོ་རིན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-04-21
ཀློག་གྲངས།:
ཐུན་རིན་གྲོང་ཁྱེར་གྱི་རིག་གནས་འཇོན་མིའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཁྱབ་སྤེལ་ཚོགས་འདུ་འཚོགས་པ།
སྤྱི་ཟླ4པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཐུན་རིན་གྲོང་ཁྱེར་རིག་གནས་ཁང་གིས་སྒྲུབ་མགན་ཁུར་བའི་ཐུན་རིན་གྲོང་ཁྱེར་རིག་གནས་འཇོན་མིའི་དང་བླངས་ཞབས་ཞུ་བའི་དཔྱད་ཞིབ་དང་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཁྱབ་སྤེལ་ཚོགས་འདུ་རེབ་གོང་སྒྱུ་རྩལ་དངོས་མང་རྟེན་མཛོད་ཁང་དུ་འཚོགས།

ཚོགས་ཐོག་ཏུ་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཐུན་རིན་གྲོང་ཁྱེར་རིག་གནས་ཁང་གི་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུར་ཞུགས་པ་དང་། ཐུན་རིན་གྲོང་ཁྱེར་རིག་གནས་ཁང་གི་མགོ་གཙོ་ཚེ་རིང་ཐར་གྱིས་ཤིས་ཚིག་ཕུལ་ཞིང་། ཞིང་ཆེན་དང་ཁུལ་རིམ་པའི་མིང་དུ་གྲགས་པའི་རིག་རྩལ་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་པ20ལྷག་གདན་དྲངས་ནས། ཁོང་ཚོས་ཕུལ་བྱུང་རིག་རྩལ་བརྩམས་ཆོས་དག་ལ་བུམ་པ་གང་བྱོའི་ཚུལ་དུ་དཔྱད་ཞིབ་དང་གདེང་འཇོག མཛུབ་སྟོན་གང་ལེགས་གནང་པར་མ་ཟད། རེབ་གོང་གསེར་མོ་ལྗོངས་ཀྱི་རིག་གནས་ཀྱི་གལ་ཆེན་རང་བཞིན་དང་རྒྱུན་འཛིན་དར་སྤེལ་གྱི་གལ་ཆེན་རང་བཞིན། དེང་ཕྱིན་ཇི་ལྟར་སྔར་བས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་སོགས་ཀྱི་སྐོར་ནས་བཞུགས་མོལ་བྱས་ཏེ་མཁས་བརྒྱ་མགྲན་གླེང་གི་ཚུལ་དུ་བགྲོ་གླེང་དང་གྲོས་སྡུར་བྱས།

ཚོགས་འདུའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་གྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་བླང་བྱ་ངེས་པ་དོན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པའི་རིག་རྩལ་གསར་རྩོམ་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རིག་གནས་འཇོན་མིའི་རིག་རྩལ་གསར་རྩོམ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རེབ་གོང་ཡུལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བྱེད་པ། མུ་མཐུད་དུ་རིག་གནས་འཇོན་མི་སྔར་ལས་མང་པོ་གསོ་སྦྱོང་བྱེད་པ་བཅས་ཀྱི་ཆེད་དུ་རེད། །

འབྲེལ་ཡོད་འོས་སྦྱོར།