ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་བའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་མཚོ་སྔོན་དུ་སྤེལ་འགོ་ཚུགས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2025-06-18
ཀློག་གྲངས།:
ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིགཁངདུ“ཆུ་བོའི་འབྱུང་ཁུངས་ཁུ་ནུ་ནས་འདེད་པ། མཚོ་སྔོན་ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་བའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ”སྤེལ་འགོ་ཚུགས། ཚན་རིག་རྟོག་ཞིབ་བྱེད་རིང་ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་། ཚད་ལྡན་ཡིག་ཆ་གསེད་སྒྲིག ལག་རྩལ་གསར་གཏོད་བཅས་བྱས་པ་བརྒྱུད་ནས། ཁུ་ནུ་རིག་གནས་ཀྱི་གཞི་རྒྱུ་དང་མཚོན་རྟགས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། མཚོ་སྔོན་གྱི་སྣ་མང་གཞི་གཅིག་གི་ཀྲུང་ཧྭའི་རིག་གནས་ཀྱི་ལོ་རྒྱུས་ཀྱི་རིག་གནས་ལ་གསལ་འགྲེལ་དང་མངོན་པར་བྱ་རྒྱུ་རེད།

མཚོ་སྔོན་ལ་སྔར་ནས“རུ་མགོ་ཆུ་ཁུངས”ཞེས་པའི་མཚན་སྙན་བཟང་པོ་ཡོད་པ་དང་། ས་གནས་ཁག་ཏུ་ཁུ་ནུ་རི་བོ་དང་། རྨ་ཆུའི་ཆུ་ཁུངས། ཨ་མྱེས་རྨ་ཆེན་གངས་རི། མདོ་ལ་རི་བོ་སོགས་ཀྱིས་མཚོན་པའི་ས་ཁམས་མཚོན་རྟགས་མང་པོ་ཡོད་པར་མ་ཟད། ད་དུང“ནུབ་རྒྱལ་མོའི་རྒྱལ་ཁབ”དང“མཚོ་སྔོན་པོའི་ངག་རྒྱུན”སོགས་ལྷ་སྒྲུང་དང་ངག་རྒྱུན་ཚུད་ཡོད།
མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་བསོད་དོན་གྲུབ་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་ཐོག་མར་སྤེལ་བ་དང་། སྤྱི་ཚོགས་ཀྱི་རིག་གནས་གཙོ་བོར་བྱས་པའི་ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་བའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་ཞིག་ཡིན་པ་དང་། དེའི་ནང་གནའ་རྫས་རིག་པ་དང་། ལོ་རྒྱུས་རིག་པ། མི་རིགས་རིག་པ། ས་ཁམས་རིག་པ། མིའི་རིགས་རིག་པ། གནའ་བོའི་ཡི་གེའི་རིག་པ། དམངས་སྲོལ་རིག་པ་སོགས་ཁྱབ་ཁོངས་མང་པོ་ཞིག་གི་ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ་འདུས་ཡོད།

ཆེད་མཁས་པས“ཆུ་ཁུངས་ཁུ་ནུ”ནི་མཚོ་སྔོན་གྱི་ཁུ་ནུའི་ས་ཁམས་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། ཁུ་ནུའི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་རིག་གནས་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་དེ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས2025ལོའི་ལོ་འགོར་གཏན་ཁེལ་བྱས་པའི་ཆེད་དོན་རྣམ་གྲངས་གལ་ཆེན«ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་བའི་ཕྱོགས་བསྡུས་རྟོག་ཞིབ་ཞིབ་འཇུག»གཞིར་བཟུང་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་རེད། ཚན་རིག་རྟོག་ཞིབ་ཀྱི་དུས་ཡུན་ཉིན11བྱེད་རྒྱུ་ཡིན་པ་དང་། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཁུ་ནུ་རི་བོ་དང་། གཡུ་ཤུག་རི་བོ། རྨ་ཆུའི་ཆུ་འགོ་ཡོས་གི་སླང་ལེབ། མཚོ་སྐྱ་རིང་དང་སྔོ་རིང་སོགས་སུ་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་བྱ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།