logo

“དྭངས་གཙང་མཚོ་ལྷོ·སྐྱེ་ཁམས་ཞིན་ཧེ”ཞེས་པའི་བརྙན་པར་འགྲན་བསྡུར་ཆེན་མོ་དང་སྤྲེལ་རྫོང་ཡུལ་སྐོར་རིག་གནས་ཀྱི་ཕྲེང་བསྟར་བྱེད་སྒོ་སྤེལ།

རྩོམ་པ་པོ།:ཕག་མོ་དོན་གྲུབ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-08-06 ཀློག་གྲངས།:
       ཟླ8པའི་ཚེས4ཉིན། “དྭངས་གཙང་མཚོ་ལྷོ·སྐྱེ་ཁམས་ཞིན་ཧེ”གཙང་གསུམ་འབྱུང་ཡུལ་བརྙན་པར་འགྲན་བསྡུར་ཆེན་མོར་བསྐྱོད་པ་དང2025ལོའི་སྤྲེལ་རྫོང་ཡུལ་སྐོར་རིག་གནས་ཕྲེང་བསྟར་བྱེད་སྒོའི་མགོ་རྩོམ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་འཚོགས། དུས་ཡུན་ཉིན4ཡི་བྱེད་སྒོའི་ཁྲོད་ལུས་རྩལ་འགྲན་བསྡུར་དང་། དམངས་གཞས་འགྲན་ལེན། ས་གནས་དེ་གའི་གཞས་པའི་རོལ་དབྱངས་ཚོགས་འདུ། ཤང་དང་གྲོང་རྡལ་གྱི་ཆེད་དོན་འཁྲབ་སྟོན་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་རེས་མོས་ངང་འཁྲབ་སྟོན་བྱ་རྒྱུ་རེད།
       མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ«བདེ་སྐྱིད་ཞིན་ཧེ»ཞེས་པ་དེས་དར་གོས་སྨྱུ་གུ་བྱས་ཏེ་ཞིན་ཧེ་རྫོང་གི“སྐྱེ་ཁམས་རྫོང་འཛུགས་པའི”གཏམ་རྒྱུད་རྒྱས་བཤད་བྱས། གེ་སར་གཟུགས་འདས་ཤུལ་བཞག་གཏམ་བརྗོས་ཟློས་གར་ཆེ་གྲས«ཤན་འདམ་ནང་འཁྲུག»ཞེས་པ་དེས་གནའ་བོའི་རིག་གནས་ཀྱི་འཕར་རྩ་གར་སྟེགས་ཐོག་གཡོ་འགུལ་ཆེན་པོ་བྱུང་ཞིང་། དུས་ཀྱི་བར་གསེང་ནས་འདས་ཟིན་པ་དང་ད་ལྟའི་བར་གྱི་སྐད་ཆ་ཤོད་རེས་བྱུང་བ་རེད། ཐོག་མའི་བརྩམས་ཆོས«དང་བླངས་པ»ཞེས་པའི་ནང་འཁྲབ་སྟོན་པས་བོད་རིགས་ཀྱི་གཏམ་དཔེ་སྤྱང་གྲུང་ངང་སྤྱད་དེ་དམངས་ཡོངས་ཀྱིས་རང་རྟོགས་ངང་ཁོར་ཡུག་གི་འཕྲོད་བསྟེན་དྭངས་གཙང་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་སྟོབས་ཤུགས་མངོན་པར་འབོད་སྐུལ་བྱས།
       བྱེད་སྒོ་སྤེལ་ཡུལ་དུ་གླུ་ཞབས་བྲོའི་འཁྲབ་སྟོན་དང་མི་རིགས་རྒྱན་གོས་འཁྲབ་སྟོན་འགྲན་བསྡུར་ཡོད་པ་མ་ཟད། ད་དུང་རྟ་རྒྱུག་དང་། ཐག་འཐེན། ཕིང་ཕང་སྤོ་ལོ། བོད་ཀྱི་མིག་མངས། འཇུ་རེས། མདའ་འཕེན་སོགས་ཀྱི་འགྲན་བསྡུར་དང་པར་ལེན་བརྩམས་ཆོས་འགྲེམས་སྟོན་དང་མེ་ཕུང་དགོང་ཚོགས་སོགས་ཁྱད་ཆོས་ལྡན་པའི་རིག་གནས་བྱེད་སྒོ་ཡོད། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དང་། རིག་གནས་ཡུལ་སྐོར་ཐོན་རྫས། ཁྱད་ཆོས་ལྡན་པའི་ཞིམ་ཟས་བཅས་འགྲེམས་སྟོན་དང་འགྲེམས་ཚོང་བྱ་ཡུལ་དུ་གྲོང་ཚོའི་ཐུན་མོང་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་འབྲོག་ར30ཡིས་ཐོན་རྫས་རིགས40ཁྱེར་ཡོང་ནས་ཞིན་ཧེའི་ཁྱད་ཆོས་མངོན་ཡོད། ཕུན་སུམ་ཚོགས་པའི་ཞིང་འབྲོག་ཐོན་རྫས་དང་སྣ་མང་ཆེ་བའི་རིག་གནས་བྱེད་སྒོ་ཕན་ཚུན་གཞོགས་འདེགས་བྱས་ནས་ཡུལ་སྐོར་བ་ཚོར་ཐུན་མོང་མ་ཡིན་པའི་ཉམས་ལེན་བྱེད་བཞིན་ཡོད།
       ཐེངས་འདིའི་བརྙན་པར་འགྲན་བསྡུར་ཆེན་མོའི་ནང་པར་ལེན་བརྩམས་ཆོས་ཁྱོན3789དང་བརྙན་ཐུང65བསྡུས་པ་རེད། འགྲན་བསྡུར་ཆེན་མོ་དེས་འོད་དང་གྲིབ་གཟུགས་སྨྱུ་གུ་བྱས་ཏེ“དྭངས་གཙང་མཚོ་ལྷོ·སྐྱེ་ཁམས་ཞིན་ཧེ”ཞེས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་དང་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསོན་ཉམས་དོད་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་རོགས་རམ་བྱས་ནས“སྐྱེ་ཁམས་ཞིན་ཧེ”ཞེས་པའི་ཡུལ་སྐོར་ཟོང་རྟགས་ཀྱི་ཤུགས་རྐྱེན་ཁྱོན་ཡོངས་ནས་ཆེ་རུ་བཏང་། །
འབྲེལ་ཡོད་འོས་སྦྱོར།