logo

མཚོ་ལྷོ་ཁུལ་གྱིས“གློག་བརྙན་དང་ལྷན་དུ་ཡུལ་སྐོར་ལ་བསྐྱོད”ཅེས་པའི་རིག་གནས་ཡུལ་སྐོར་གྱི་འོས་སྦྱོར་བྱ་འགུལ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་མེ་ལོང་། དུས་ཚོད།:2025-08-07 ཀློག་གྲངས།:
       ཟླ8པའི་ཚེས4ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“གློག་བརྙན་དང་ལྷན་དུ་ཡུལ་སྐོར་ལ་བསྐྱོད”ཅེས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་དྲིལ་བསྒྲགས་འོས་སྦྱོར་བྱ་འགུལ་སྤེལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་བརྗོད་དོན་བྱས་པའི་གློག་བརྙན«ངའི་གམ་དུ་བཅར། ཁྱོད་མཐོང་ལམ་དུ་མངོན»ཞེས་པ་འབྲེལ་ཟམ་དུ་བྱས་ཏེ། དག་ཞིང་མཚོ་ལྷོའི་རང་བྱུང་མཛེས་སྡུག་དང་མི་ཆོས་རིག་གནས་ཀྱི་མཚར་སྡུག་མངོན་པར་བྱས།
       ཅང་སུའུ་ཡིས་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་བྱས་ཏེ་ལོ་འཁོར15འགོར་བར་ཕུལ་བའི་ལེགས་སྐྱེས་གློག་བརྙན་ཡིན་པའི་ངོས་ནས། ནན་ཐུང་ཀྲུང་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ཁྲིན་ཡོའོ་ཧྭ་ཡི“གཅེས་སེམས་ཀྱིས་བཏོད་པའི་འོད་ཀྱི་ལམ་བུ”ཞེས་པའི་སྤྱི་ཕན་བྱས་རྗེས་དེ་གློག་བརྙན་གྱི་བརྗོད་དོན་གཙོ་བོར་བྱས་ཏེ།  གསོན་ཉམས་ལྡན་པའི་ངང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་མཚོ་སྔོན་ལ་བཅངས་པའི་བརྩེ་སེམས་དང་སྙིང་སྟོབས་གསལ་བཤད་བྱས་ཡོད། གློག་བརྙན་དེ་ནི2024ལོའི་ཟླ8པར་ཕབ་སྐྲུན་བྱེད་པའི་འགོ་བརྩམས་པ་དང་ཟླ་བཅུའི་རིང་ཕབ་སྐྲུན་བྱས། གློག་བརྙན་ཧྲིལ་བོར་མཚོ་ལྷོའི་རང་བྱུང་མཛེས་སྡུག་མངོན་ཡོད་ལ། ཟི་ལིང་གྲོང་ཁྱེར་ནས་ཐེངས་དང་པོར་བཏང་བ་དང་མཚོ་ལྷོ་ཁུལ་ནས་ཆེད་དུ་བཏང་རྗེས། མཐོ་སྒང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མཐོང་ལམ་དུ་བསྐྱོད།
       རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་ཁྲིད་པ་ཅང་ཕིན་གྱིས་ཧོའུ་ཐེན་ལེ་དང་། ལིས་མོའུ་ཙི། མཚོ་སྔོན་གྱི་འཁྲབ་སྟོན་པ་རིན་ཆེན་དོན་འགྲུབ་སོགས་ཁྲིད་དེ་བྱ་འགུལ་གྱི་ཡུལ་དངོས་སུ་ཐོན། གློག་བརྙན་ཁྲོད་དུ་མཚོ་སྔོན་པོ་དང་ཚ་རྔ་འགག་སོགས་ཡུལ་ལྗོངས་གཙོ་བོ་ངོ་སྤྲོད་བྱས་ཡོད། རྒྱ་ཆེ་བའི་གློག་བརྙན་གྱི་ཞེན་མི་རྣམས་མཐོ་སྒང་དུ་ཡོང་ནས་རང་བྱུང་གི་མཛེས་སྡུག་དང་སྣ་མང་མི་ཆོས་རིག་གནས་ལ་རོལ་མྱོང་བྱེད་པར་འདན་འདྲེན་བྱས། བྱ་འགུལ་དུ་ད་དུང་ས་གནས་ཀྱི་བཟའ་བཏུང་དང་མགྲོན་ཁང་། ལྗོངས་རྣམ་སོགས་ཆ་ཚང་བར་ངོ་སྤྲོད་བྱས་པར་མ་ཟད། «མཚོ་ལྷོ་ཁུལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་རོགས་སྐྱོར་ལག་བསྟར་ཞིབ་སྲོལ»སྤེལ་ནས། ཡུལ་སྐོར་མགྲོན་པོ་འགུག་པ་དང་ལས་རིགས་དཔྱད་འདེམས་སོགས་ཕྱོགས་བཞིའི་ཐད་ནས་བྱ་དགའ་སྟེར་བའི་སྲིད་ཇུས་བཏོན།
       ཀྲུང་དབྱང་གློག་བརྙན་འཕྲིན་ལམ་དང་ཞིན་ཧྭ་གསར་འགྱུར་ཁང་སོགས་གཙོ་རྒྱུག་སྨྱན་བྱད། ས་གནས་ཀྱི་དྲ་གྲགས་འཐུས་ཚབ་པ་སོགས་བྱ་འགུལ་དུ་ཞུགས་ཏེ། མཐོ་སྒང་གི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ལ་གཞོགས་འདེགས་བྱས།
འབྲེལ་ཡོད་འོས་སྦྱོར།