མཚོ་ལྷོ་ཁུལ་གྱིས་པར་རིས་དང་བརྙན་ཐུང་བརྩམ་ཆོས་འགྲེམས་སྟོན་བྱས་པ།
རྩོམ་པ་པོ།:བཀྲ་ཤིས་དོན་གྲུབ།
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-08-19
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་དང་སྣོད་བཅུད་གཟུགས་བརྙན་འགྲེམས་སྟོན་གཟབ་རྒྱས་ངང་མགོ་བརྩམས།
ཉེ་སྔོན། རང་ཁུལ་གྱི་ས་གནས་བཞིའི་ཐོན་ལས་གསོ་སྤེལ་ཉམས་ལེན་རྟེན་གཞི་རུ་ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་ཚན་རྩལ་ཅུའུ། ཁུལ་ནགས་ལས་ཅུའུ་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་ལྗང་མདོག་སྲུང་སྐྱོང་དང་རང་བྱུང་ལོངས་སུ་སྤྱོད་པ་ཞེས་པའི་པར་རིས་དང་བརྙན་ཐུང་འགྲེམ་སྟོན་ཆབ་ཆ་གྲོང་རྡལ་དུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

ཐེངས་འདིའི་འགྲེམས་སྟོན་ནང་ཞུགས་པའི་བརྩམས་ཆོས་ལས་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་བཙུགས་ཏེ། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་བརྗོད་བྱར་བཟུང་ཡོད་པ་དང་། པར་བ་ཚོས་བརྙན་མིག་གི་རྩལ་ནུས་རང་ཁུལ་གྱི་རི་ཆུ་ནགས་གསུམ་དང་། རྣང་ཞིང་གྲུ་བཞི། མཚེའུ། སྐྱེ་ཁམས་མ་ལག་དང་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས། རྩི་ཤིང་གི་ཐོན་ཁུངས་སྐོར་གྱི་པར་རིས་བརྩམས་ཆོས་རྣམས་ཧ་ཅང་གསོན་ཉམས་ལྡན་ལ། པར་ལེན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཡོད། ཐེངས་འདིའི་འགྲེམ་སྟོན་ལ་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་དང་པར་ལེན་པ80ལྷག་འགྲེམས་སྟོན་བྱ་འགུལ་ལ་ཞུགས་པ་རེད།

2025ལོའི་ཟླ4བར་བརྩམས་ཆོས་བསྡུ་བའི་བྱ་འགུལ་སྤེལ་མགོ་བརྩམ་པ་ནས་བཟུང་། ཟླ་ངོ4ཡི་རིང་ལ། ཁུལ་ཡོངས་སུ་བསྡོམས་པས་བརྩམས་ཆོས1300ཙམ་འབྱོར་བ་དང་། དཔྱད་འདེམས་བྱས་པ་བརྒྱུད་པར་རིས་དང་བརྙན་ཐུང་བརྩམས་ཆོས800ལྷག་གཟེངས་སུ་ཐོན་པས། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་སྣོད་བཅུད་མཚོན་པའི་བརྩམ་ཆོས་དག་ཕ་ཡུལ་གྱི་མི་དམངས་ལ་ལེགས་སྐྱེས་སུ་ཕུལ་ཡོད། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་མཚོན་ཡོད་ལ། པར་ལེན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཐོང་སྣེ་ལས་མི་དམངས་མང་ཚོགས་རྣམས་ཀྱིས་འདས་ཟིན་པའི་ལོ་ཟླའི་བཞུད་ལམ་ལ་མྱོང་རོལ་དང་ཤེས་རྟོགས་བྱེད་ཐུབ་ལ། ལོ་རྒྱུས་ཀྱི་དོན་སྙིང་དང་སྤྱི་ཚོགས་ཀྱི་རིན་ཐང་ཡང་ལྡན་པ་རེད།
བརྩམས་ཆོས་ཁ་ཤས་ཤིག་ལོ་རྒྱུས་ཀྱི་དེབ་ཐེར་དང་འདྲ་བར་གནས་མཆོག་མཚོ་ལྷོའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་དྲིལ་སྒྲོག་བྱས་ཤིང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འཕྱོར་འབྲི་བྱས་ཡོད་པར་མ་ཟད། མ་འོངས་པར་མུ་མཐུད་དུ་ཕུལ་དུ་བྱུང་བའི་པར་ལེན་བརྩམས་ཆོས་སྔར་ལས་མང་བོ་བཏོན་ནས་དུས་རབས་གསར་པའི་མཚོ་ལྷོའི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་གསར་པ་འབྲི་བར་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུ་རེད། །

འབྲེལ་ཡོད་འོས་སྦྱོར།