མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་ལྗང་མྱུག་བུམ་པའི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-08-27
ཀློག་གྲངས།:
ཟླ8པའི་ཚེས25ཉིན་གྱི་སྔ་དྲོར། གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་དང་མཚོ་ལྷོ་ཁུལ་སློབ་གསོ་ཅུའུ། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་དང«མཚོ་ལྷོའི་རྩོམ་རིག»བཅས་ཀྱིས་འགན་སྒྲུབ་བྱས་པའི་སྐབས་གཉིས་པའི་ལྗང་མྱུག་བུམ་པའི་མཚོ་ལྷོ་ཁུལ་གྱི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཆེན་མོའི་བྱ་དགའ་གནང་བའི་མཛད་སྒོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས།

འདི་ནི་མཚོ་ལྷོ་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་ལ་དམིགས་ནས་སྤེལ་བའི་རྩོམ་རིག་བརྗེ་རེས་ཀྱི་སྟེགས་བུ་ཞིག་ཡིན་པའི་ཆ་ནས། ལྗང་མྱུག་བུམ་པའི་རྩོམ་ཡིག་འགྲན་སྡུར་ཆེན་མོ་ནི་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་རྣམས་ལ་རྩོམ་འབྲིའི་ནུས་པ་ལྡན་པའི་སྟེགས་བུ་བཟང་བོ་ཞིག་བསྐྲུན་ཡོད་པ་མ་ཟད།སློབ་མ་རྣམས་ཀྱི་གསར་རྩོམ་ཆུ་ཚད་མཐོར་འདེགས་དང་། དུས་མཚུངས་སུ་རྩོམ་རིག་གཞི་རྟེན་དུ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་རྩོམ་ཡིག་འབྲི་སྦྱོང་དང་། མི་ཚེའི་ལྟ་བ། འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་པར་ཡང་ཁྲིད་སྟོན་བཟང་བོ་བྱས་ཡོད་པ་རེད། ད་ལོའི་ཟླ4པའི་ཚེས10ཉིན་བརྩམས་ཆོས་བསྡུ་མགོ་ཚུགས་པ་ནས་བཟུང་། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་། དགེ་སློབ། ཁྱིམ་བདག་བཅས་ཀྱིས་དོ་སྣང་ཆེན་པོ་བྱས་ཤིང་། ཁྱོན་བསྡོམས་བརྩམས་ཆོས580འབྱོར་བའི་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་ཡིག་བཅས་རིགས་ཆེན་པོ་གཉིས་འདུས་ལ། དེ་ལས་མཚོ་ལྷོ་ཁུལ་གྱི་སློབ་བུ་ཚོའི་སྐད་ཡིག་གི་རྨང་གཞི་བརྟན་ཞིང་རིག་གནས་སྣ་མང་གི་གསར་རྩོམ་ཁྱད་ཆོས་ཀྱང་མངོན་ཡོད།

དེ་ལས་ཆེས་གླེང་རིན་ཡོད་པ་ཞིག་ནི་ཐེངས་འདིའི་བྱ་དགའ་ཐོབ་པའི་བདམས་ཐོན་པ་སོ་སོ་ཁུལ་ཡོངས་ཀྱི་རྫོང་ལྔའི་སློབ་གྲྭ16ནས་ཡོང་བ་དང་། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་སྦྱོང་བརྗེ་རེས་དང་རང་ཉིད་ཀྱི་འཇོན་ནུས་མངོན་པ་སོགས་ཀྱི་སྟེགས་བུ་བཟང་པོ་ཞིག་མཁོ་འདོན་བྱས་པར་མ་ཟད། ས་གནས་ཀྱི་སྤུས་ཚད་སློབ་གསོའི་འཕེལ་རྒྱས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། མི་རིགས་རིག་གནས། གཞོན་ནུ་ལོ་ཆུང་གི་རྩོམ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ཆེན་པོ་ལྡན་པ་རེད།
འབྲེལ་ཡོད་འོས་སྦྱོར།