མཚོ་ལྷོ་ཁུལ་གྱིས་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-09-17
ཀློག་གྲངས།:
ཟླ9པའི་ཚེས15ཉིན། དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི2025ལོའི་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མཛད་སྒོ་གུང་ཧོ་རྫོང་མཚོ་སྔོན་པོའི་ཐང་ཆེན་དུ་སྤེལ་བ་དང་། ཁུལ་ཨུའི་དྲ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲུང་དབྱེ་ཡིས་གཏམ་བཤད་བྱས་ཤིང་། ཁུལ་ཨུའི་དྲ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིས་ཝེ་ཡིས་མགོ་འཛིན་བྱས་ལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥུན་རོན་ཡོན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལན་བཅས་མགོ་རྩོམ་མཛད་སྒོར་ཞུགས། ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། ཁུལ་དུ་སྡོད་པའི་ལས་ཁུངས་སོ་སོ་བཅས་ཀྱི་འགན་ཁུར་མི་སྣ50ལྷག་མགོ་རྩོམ་མཛད་སྒོ་དང་དྲིལ་སྒྲོག་བྱ་འགུལ་ཁྲོད་ཞུགས།

བྱ་འགུལ་ཡུལ་དངོས་སུ་ལས་བྱེད་མི་སྣས་དྲིལ་སྒྲོག་ཡིག་ཆ་བཀྲམ་པ་དང་འཕྲེད་བྱང་འགེལ་བ། དྲིལ་སྒྲོག་འགྲེམས་པང་བཤམས་པ་སོགས་ཀྱི་རྣམ་པ་བསྒྱུད་དེ་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་བྱས་ཤིང་། ཚང་མར་བདེ་འཇགས་ཀྱི་དྲ་རྒྱ་སྤྱོད་པ་དང་བདེ་འཇགས་ཀྱི་དྲ་རྒྱར་ཞུགས་པར་ཁྲིད་སྟོན་བྱས་ལ། དུས་མཚུངས་སུ་དྲ་རྒྱའི་གློག་འཕྲིན་མགོ་སྐོར་སྔོན་འགོག་གི་གཙོ་གནད་དྲིལ་སྒྲོག་ཧུར་ཐག་གིས་སྤེལ་བ་དང་། མང་ཚོགས་ལ་མི་ལེགས་པའི་ཆ་འཕྲིན་དང་དྲ་རྒྱའི་ཆ་འཕྲིན་རྫུན་མ་ཐེར་འདོན་བྱེད་པར་སྐུལ་སློང་བྱས་ནས། དྲ་ཐོག་གི་ཚུལ་མིན་གྱི་བྱ་སྤྱོད་ལ་ཚང་མས་མཉམ་དུ་བཀག་འགོག་བྱས་ཏེ་ཐུན་མོང་ཐོག་སྲོལ་བཟང་སྤྱོད་གཙང་གི་དྲ་རྒྱའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།

དྲིལ་སྒྲོག་བྱ་འགུལ་སྐབས་སུ་སློབ་རའི་ཉིན་མོ་དང་དྲ་འཕྲིན་ཉིན་མོ། ཁྲིམས་ལུགས་ཉིན་མོ། དངུལ་རྩ་ཉིན་མོ། ན་གཞོན་ཉིན་མོ། སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཉིན་མོ་བཅས་བརྗོད་དོན་བྱ་འགུལ་དྲུག་སྔ་རྗེས་སུ་སྤེལ་ཞིང་། དྲ་ཐོག་དང་ཡུལ་དངོས་གཉིས་ཟུང་འབྲེལ་བྱས་ནས། དྲ་རྒྱའི་བདེ་འཇགས་སྡེ་ཁུལ་དང་གྲོང་གསེབ། ཁེ་ལས། ལས་ཁུངས། སློབ་གྲྭ ཁྱིམ་ཚང་། དམག་སྒར་དང་ཆོས་ལུགས་སྤེལ་ས་བཅས་སུ་བསྐྱོད་པ་དང་བསྐྱོད་པ་བརྒྱད་ཀྱི་བྱ་འགུལ་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བར་སྟོང་གི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་བཏང་།

ཐེངས་འདིའི་བྱ་འགུལ་དེ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་པའི་འདུ་ཤེས་དེ་སེམས་སུ་འཇགས་པར་བྱས་ཏེ། མི་དམངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་དང་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། དྲ་རྒྱའི་བདེ་འཇགས་ནི་མི་རེ་རེར་འགན་འཁྲི་ཡོད་པ་ཤེས་སུ་འཇུག་པ་དང་མི་རེ་རེ་དྲ་རྒྱའི་བདེ་འཇགས་ཁྲོད་ཟབ་ཞུགས་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཏེ། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཤིག་ཆགས་སུ་བཅུག
འབྲེལ་ཡོད་འོས་སྦྱོར།